འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་གྲོང་ཁྱེར་དབར་གྱི་ལྕགས་ལམ་གྱི་འཕེལ་རྒྱས་ཐེབས་
    རྩ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་24ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་18ཉིན་པེ་ཅིང་དང་། ཐེན་ཅིན། ཧོ་པོ་བཅས་གྲོང་ཁྱེར་དབར་གྱི་ལྕགས་ལམ་མ་འཇོག་ཚད་ཡོད་ཀུང་སིས་ཀྲུང་གོ་བཟོ་ཚོང་དངུལ་ཁང་དང་། ཀྲུང་གོ་ཞིང་ལས་དངུལ་ཁང་། ཀྲུང་གོ་དངུལ་ཁང་སོགས་སྒྲིག་གཞི་12དང་མིང་རྟགས་བཀོད་དེ་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་གྲོང་ཁྱེར་དབར་གྱི་ལྕགས་ལམ་གྱི་འཕེལ་རྒྱས་ཐེབས་རྩ་དངོས་སུ་བཙུགས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཐེབས་རྩ་དེའི་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར་1000ཟིན་པ་དང་ཐོག་མའི་གཞི་ཁྱོན་སྒོར་དུང་ཕྱུར་600ཟིན་པའི་ནང་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་གྲོང་ཁྱེར་དབར་གྱི་ལྕགས་ལམ་མ་འཇོག་ཚད་ཡོད་ཀུང་སིས་སྒོར་དུང་ཕྱུར་60བཏང་བ་དང་སྤྱི་ཚོགས་ཀྱི་མ་དངུལ་སྒོར་དུང་ཕྱུར་540བསྡུ་ལེན་བྱས་ཡོད། ཐེབས་རྩ་དེའི་མཐུད་བཅོལ་བྱེད་ཆོག་པའི་དུས་བཀག་ནི་ལོ་10ཡིན། ཐེབས་རྩའི་མ་དངུལ་70%པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁོངས་ནང་གི་གྲོང་ཁྱེར་དབར་གྱི་ལྕགས་ལམ་འཛུགས་སྐྲུན་ཐད་སྤྱོད་ཆོག་པ་དང་མ་དངུལ་30%ལམ་ཐིག་རྒྱུད་ཀྱི་ས་ཆ་ཕྱོགས་བསྡུས་གསར་སྤེལ་ཐད་སྤྱོད་ཆོག་གི་ཡོད།
         ཐེབས་རྩ་དེ་བཙུགས་པ་ནི་《ལྕགས་ལམ་ལ་མ་དངུལ་འཇོག་པ་དང་མ་དངུལ་བསྡུ་སྒྲིལ་གྱི་ལམ་ལུགས་སྒྱུར་བཅོས་བྱས་ནས་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་》ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། དེས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་གྲོང་ཁྱེར་དབར་གྱི་ལྕགས་ལམ་འཛུགས་སྐྲུན་ལ་མཁོ་བའི་མ་དངུལ་འགན་ལེན་ནུས་ལྡན་བྱས་ཏེ་དངུལ་ཁང་དང་ཁེ་ལས་དབར་གྱི་མཉམ་ལས་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་བ་དང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁོངས་ནང་གི་གྲོང་ཁྱེར་དབར་གྱི་ལྕགས་ལམ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། “འཁོར་ལམ་ཐོག་གི་པེ་ཅིང་དང་། ཐེན་ཅིན། ཧོ་པེ”གཏོད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།
         པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་གྲོང་ཁྱེར་དབར་གྱི་ལྕགས་ལམ་མ་འཇོག་ཚད་ཡོད་ཀུང་སི་དེ་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་སྲིད་གཞུང་གསུམ་དང་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིས་མཉམ་དུ་མ་དངུལ་བཏང་ནས་བཙུགས་པ་ཞིག་ཡིན། ཀུང་སི་དེས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁོངས་ནང་གི་གྲོང་ཁྱེར་དབར་གྱི་ལྕགས་ལམ་རྣམ་གྲངས་ཀྱི་མ་འཇོག་དང་། འཛུགས་སྐྲུན། གཉེར་སྐྱོང་བཅས་དང་ལམ་རྒྱུད་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་འགན་འཁུར་གྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།