འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ལག་རྩལ་གསར་གཏོད་དང་ཞབས་ཞུའི་ལས་
    སྟེགས་ཀྱི་འཛུགས་སྐྲུན་རྣམ་གྲངས་མཚོ་སྔོན་དུ་ལག་ལེན་བསྟར་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་22ཉིན། 13:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཚན་རྩལ་པུས་ཆོག་མཆན་གནང་བ་དང་པེ་ཅིང་དང་། བོད་ལྗོངས། ཀན་སུའུ། མཚོ་སྔོན་བཅས་ས་གནས་བཞི་འཛུགས་སྐྲུན་ནང་མཉམ་དུ་ཞུགས་པའི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ལག་རྩལ་གསར་གཏོད་དང་ཞབས་ཞུའི་ལས་སྟེགས་ཀྱི་འཛུགས་སྐྲུན་རྣམ་གྲངས་ཚེས་20ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་ལག་ལེན་བསྟར་འགོ་ཚུགས་པ་རེད།
            ལས་སྟེགས་དེ་ནི་རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ལ་ཕྱོགས་པའི་སྤྱི་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་ཚན་རྩལ་ཞབས་ཞུའི་ལས་སྟེགས་ཐོག་མ་དེ་ཡིན་པ་དང་། དེའི་ནང་རྨང་གཞི་དང་། ལག་རྩལ། སྤྱི་པ་བཅས་ཀྱི་ཞབས་ཞུའི་མ་ལག་ཆེན་པོ་གསུམ་བསྐྲུན་རྒྱུ་ཚུད་ཡོད། འཛུགས་སྐྲུན་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.5བཏང་བ་དང་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་སྔོན་ལ་བྱ་རྒྱུ་དང་དེ་རྗེས་ལག་རྩལ་ཞབས་ཞུའི་མ་ལག་འཛུགས་སྐྲུན་དང་དེ་བཞིན་རྨང་གཞིའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་རེད།
            ལས་སྟེགས་དེ་ནི་མཚོ་སྔོན་ཨ་རུ་བོད་ལུགས་གསོ་རིག་དང་བོད་སྨན་ཚོགས་པ་ཚད་ཡོད་ཀུང་སི་དང་ཀྲུང་གོ་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་གིས་སྣེ་ཁྲིད་པ་དང་། བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་དང་། ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་ཁང་། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་ཁང་སོགས་ཚན་པ་15ཡིས་མཉམ་དུ་བསྐྲུན་རྒྱུ་རེད། རྣམ་གྲངས་དེས་རང་རྒྱལ་གྱི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ཀྱི་ཐུན་མོང་རང་བཞིན་གྱི་འགག་རྩའི་ལག་རྩལ་དགོས་མཁོར་དམིགས་ཏེ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྤུས་ལེགས་ཚན་རྩལ་ཐོན་ཁུངས་བསྡུ་སྒྲིལ་ནུས་ལྡན་བྱེད་པ་དང་འཕར་སྣོན་ཐོན་ཁུངས་ལ་གཅིག་འདོམས་བཀོད་སྒྲིག་བྱས་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཕུགས་ཀྱི་འཕེལ་རྒྱས་དང་གཙོ་གནད་ཚད་བརྒལ་ཐད་ཚན་རྩལ་གྱིས་འདེགས་སྐྱོར་ཤུགས་ཆེན་དང་སྐུལ་ཁྲིད་སྣེ་ཁྲིད་ནུས་པ་ཆེན་པོ་འདོན་སྤེལ་བྱ་རྒྱུ་རེད།
           མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གི་ཐིང་ཀྲང་གཞོན་པ་སུའུ་ཧའེ་ཧུང་གིས་མཚོ་བོད་ས་མཐོ་ནི་བོད་ལུགས་གསོ་རིག་དང་བོད་སྨན་འབྱུང་གནས་ཡིན་པ་དང་བོད་ལུགས་གསོ་རིག་དང་བོད་སྨན་ནི་བོད་ལྗོངས་དང་། ཀན་སུའུ། མཚོ་སྔོན། སི་ཁྲོན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ལེགས་ལྡན་ཐོན་ཁུངས་དང་ཁྱད་ལྡན་ཀ་རྟེན་ཐོན་ལས་ཡིན་པས། དེར་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་རྨང་གཞི་ཟབ་མོ་དང་འཕེལ་རྒྱས་མདུན་ལམ་ཆེན་པོ་ཡོད། ལས་སྟེགས་སྐྲུན་སྐབས་རྒྱལ་ཁབ་ཀྱིས་མི་རིགས་ཀྱི་གསོ་རིག་དང་སྨན་གྱི་བྱ་གཞག་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་པའི་འཐབ་ཇུས་གོ་སྐབས་དམ་འཛིན་བྱས་ནས་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་རང་བརྟེན་གསར་གཏོད་དང་རིམ་སྤོར་གསར་པ་འདོན་ལ་རམ་འདེགས་བྱ་རྒྱུ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།