འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་ལི་ཐང་རྫོང་གི་དུད་ཚང་དབུལ་པོར་བློ་བདེའི་ཞིང་སྤྱོད་
    རྒྱུ་ཆ་ལེན་རྒྱུ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་22ཉིན། 13:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་ལི་ཐང་རྫོང་གིས་འཇའ་བ་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་དུ་2017ལོའི་ཞིང་འབྲོག་ཐོན་ལས་དབུལ་སྐྱོར་གྱི་བློ་བདེའི་ཞིང་སྤྱོད་རྒྱུ་ཆ་སྤྲོད་པའི་མཛད་སྒོ་དང་ལི་ཐང་རྫོང་དུ་ཡུག་སྦྲེལ་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་འགོ་འཛུགས་མཛད་སྒོ་འཚོགས་ཤིང་། མོ་ལ་སྐེད་ཤང་མཁད་སྐྱ་གྲོང་ཚོའི་ཞིང་པ་འཇམ་དབྱངས་སྐྱབས་ཀྱིས་ཞོགས་སྔ་པོ་ནས་ལངས་ཏེ་ཞིང་ལས་རྒྱུ་ཆ་ལེན་ཡུལ་དུ་ཐོ་ཕྲུག་བཏང་ཕྱིན། ཁོང་གིས“ཞོག་ཁོག་སྣེ་ཁ་གསར་པ་སྤྲོད་པ་དེ་བཏབ་ན་མུའུ་རེར་ཐོན་ཚད་ལྡབ་འཕར་ཡོང་བ་གོ་བས་ཆེད་དུ་ལེན་པར་ཡོང་བ་ཡིན། འདི་ལོར་མུའུ་10འདེབས་རྩིས་ཡོད། ཞོག་ཁོག་ཡག་པོ་སྐྱེས་ཚེ་སང་ལོར་འདེབས་ཁྱོན་ཆེ་རུ་གཏོང་གི་ཡིན”ཞེས་བཤད།
           བྱེད་སྒོའི་རིང་། རྫོང་དེ་ཡོངས་ཀྱི་ཤང་དང་གྲོང་རྡལ་24ཡི་དབུལ་སྒྲོལ་གྲོང་ཚོའི་དུད་ཚང་དབུལ་པོ་37ལ་ཞོག་ཁོག་སྤྱི་རྒྱ་ཁྲི་60དང་། ནས་སོན་སྤྱི་རྒྱ་ཁྲི་30 ཞིང་སྤྱོད་འགྱིག་ཤོག་ཏུན་10 ལུད་ཏུན་120སོགས་ཞིང་སྤྱོད་རྒྱུ་ཆ་སྤྲད་པ་རེད།
          མོ་ལ་སྨད་ཤང་གི་དམག་ངན་སྟོད་གྲོང་ཚོའི་ཧྲུའུ་ཅི་རྒྱ་མཚོར་ཡང་ཉིན་དེར་ཤ་མོའི་སོན་སྤྲད་ཅིང་། དམག་ངན་སྟོད་གྲོང་ཚོ་ནི་འདི་ལོ་དབུལ་ཞྭ་འཕུད་རྒྱུའི་གྲོང་ཚོ་ཡིན། ན་ནིང་རྒྱ་མཚོས་གྲོང་ཚོའི་ནང་སྣེ་ཁྲིད་དེ་མོག་རོ་རྒྱུག་རྐང་ཁྲི་2བཏབ་ནས་ཡོང་འབབ་མང་པོ་བྱུང་ཞིང་། འདི་ལོར་ཁོང་གིས་གྲོང་ཚོའི་ཡུལ་མི་ཡོངས་ཀྱི་སྣེ་ཁྲིད་དེ་མོག་རོ་བཏབ་ནས་འབབ་འཕར་ཐབས་ལམ་ཡངས་སུ་གཏོང་རྒྱུ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། ལི་ཐང་རྫོང་གིས་བློ་བདེའི་ཞིང་སྤྱོད་རྒྱུ་ཆ་སྤྲོད་པར་བརྟེན་ནས་ཚན་རྩལ་གྱིས་ཞིང་ལས་ལ་འདེགས་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་ཚད་གཞི་དང་སྤུས་ཚད་མཐོ་བའི་ངང་དཔྱིད་རྨོད་ཐོན་སྐྱེད་ལས་ཀ་ཡག་པོ་བསྒྲུབས་ནས་དུད་ཚང་དབུལ་པོའི་དཔྱིད་རྨོད་ཐོན་སྐྱེད་མི་ཆག་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།