འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་གསུམ་པའི་རྒྱལ་ཡོངས་ཕུལ་བྱུང་རིག་དངོས་ཉམས་གསོའི་ལས་གྲྭའི་མིང་ཐོ་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་22ཉིན། 12:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་18ཉིན་ཀྲུང་གོ་གནའ་ཤུལ་སྲུང་སྐྱོབ་མཐུན་ཚོགས་དང་། ཀྲུང་གོ་རིག་དངོས་ཚགས་པར་ལས་ཁུངས། ཧོ་པེ་ཞིང་ཆེན་རིག་དངོས་ཅུས་བཅས་ཀྱིས་གཙོ་གཉེར་བྱས་པའི་སྐབས་གསུམ་པའི་རྒྱལ་ཡོངས་ཕུལ་བྱུང་རིག་དངོས་ཉམས་གསོའི་ལས་གྲྭའི་ཉམས་མྱོང་སྤེལ་རེས་དང་འོས་སྦྱོར་ཚོགས་འདུ་ཧོ་པེ་ཞིང་ཆེན་ཆུས་དབྱང་རྫོང་དུ་འཚོགས་པ་རེད།
          ཐོག་མའི་དཔྱད་འདེམས་དང་། རང་སར་བསྐྱར་ཞིབ། མཐའ་མའི་དཔྱད་འདེམས་སོགས་ཀྱི་ལྷུ་ཚིགས་བརྒྱུད་ཧོ་པེ་ཞིང་ཆེན་ཆུས་དབྱང་རྫོང་གི་པེ་གཡོད་དགོན་སྡེའི་ལྡེབས་རིས་སྲུང་སྐྱོབ་ཉམས་གསོའི་ལས་གྲྭ་དང་། ཧྲན་ཤིས་ལིང་ཁྲོན་རྫོང་གི་ཞའོ་ཧུའེ་ལིང་ཨེར་ཤན་དགོན་སྡེ་ཉམས་གསོའི་ལས་གྲྭ ཧྲང་ཧའེ་སི་ཧང་མཛོད་ཁང་གི་ཉམས་གསོའི་ལས་གྲྭ ཅང་ཤིས་ཧྥུའུ་ཐན་གྱི་ཁྲེང་ཅིན་ཐང་གི་ཉམས་གསོའི་ལས་གྲྭ་སོགས་རྣམ་གྲངས་བཅུ་ལ“རྒྱལ་ཡོངས་ཀྱི་ཕུལ་བྱུང་རིག་དངོས་ཉམས་གསོའི་ལས་གྲྭའི”མཚན་སྙན་ཐོབ་ཡོད།
           “རིག་དངོས་སྲུང་སྐྱོབ་ལས་གྲྭས་ཞིབ་འཇུག་ལས་དོན་དེ་སྲུང་སྐྱོབ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས། རིག་དངོས་སྲུང་སྐྱོབ་ནི་ཞིབ་འཇུག་རང་བཞིན་གྱི་ལས་དོན་ཞིག་ཡིན་པ་ལས། ལས་གྲྭ་ཁོ་ན་ཙམ་མ་ཡིན། ཉམས་གསོ་སྲུང་སྐྱོབ་བྱེད་རིང་ཚད་ལྡན་ཡིག་ཆར་ཞིབ་འཇུག་དང་། རང་སར་རྩད་ཞིབ་ཚད་འཇལ་ཞིབ་འཇུག དཔྱད་གཞིར་ཞིབ་འཇུག་སོགས་ཚུད་པའི་དུས་འགོའི་ཞིབ་འཇུག་ལས་དོན་གཏིང་ཟབ་སྤེལ་དགོས་པ་མ་ཟད། ཨར་སྐྲུན་བྱེད་རིང་གི་ཞིབ་འཇུག་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་ངོས་འཛིན་བྱེད་ཟབ་ཏུ་དང་ཇུས་གཞི་ལེགས་སུ་གཏོང་དགོས་ལ། ད་དུང་ལས་གྲྭར་ཞིབ་འཇུག་དང་ཕྱོགས་སྡོམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་གོ་རིམ་ལྡན་པའི་ལས་གྲྭའི་སྙན་ཞུ་ཞིག་བཟོས་ཏེ་ཉམས་གསོ་སྲུང་སྐྱོབ་ལས་ཀའི་ཚན་རིག་རང་བཞིན་འགན་ལེན་ཡང་བྱེད་དགོས”ཞེས་རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་སུང་ཤིན་ཁྲའོ་ཡིས་དེ་ལྟར་ངོས་འཛིན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།