འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《གཏེར་ཁའི་ཐོན་ཁུངས་ཁེ་དབང་གི་མ་དངུལ་ལམ་ལུགས་སྒྱུར་
    བཅོས་ཇུས་གཞི་》པར་འགྲེམས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་22ཉིན། 12:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《གཏེར་ཁའི་ཐོན་ཁུངས་ཁེ་དབང་གི་མ་དངུལ་ལམ་ལུགས་སྒྱུར་བཅོས་ཇུས་གཞི་》(གཤམ་དུ་《ཇུས་གཞི་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས་རང་རྒྱལ་གྱི་ཁྱད་ཆོས་དང་མཐུན་པའི་གཏེར་ཁའི་ཐོན་ཁུངས་ཁེ་དབང་གི་མ་དངུལ་ལམ་ལུགས་གསར་པ་འཛུགས་རྒྱུའི་གཏན་འཁེལ་བྱས་ཏེ་རྒྱལ་ཁབ་གཏེར་ཁའི་ཐོན་ཁུངས་ཀྱི་ཁེ་དབང་སྲུང་སྐྱོང་བྱ་ཆེད་དྲང་སྙོམས་ཀྱི་གཏེར་ལས་ཁྲོམ་རའི་འགྲན་རྩོད་ཁོར་ཡུག་ཅིག་གཏོད་རྒྱུ་རེད།
             《ཇུས་གཞིའི་》ནང་གཤམ་གསལ་གྱི་སྒྱུར་བཅོས་བྱ་ཐབས་བཏོན་པ་སྟེ། གཅིག་ནས་ལག་ལེན་བསྟར་བཞིན་པའི་གཏེར་འཚོལ་དབང་ཆ་དང་གཏེར་འདོན་དབང་ཆའི་རིན་དངུལ་དེ་རྒྱལ་ཁབ་ཀྱིས་ནང་བཤུག་བཏང་བའི་གཏེར་ལས་དབང་ཆ་ཚང་མར་གོ་ཆོད་པ་དང་རྒྱལ་ཁབ་ཀྱི་བདག་པོའི་ཁེ་དབང་མངོན་པའི་གཏེར་ལས་དབང་ཆ་ནང་བཤུག་བཏང་བའི་ཁེ་སྤོགས་ལ་ལེགས་སྒྲིག་བྱ་རྒྱུ་སྟེ། ཀྲུང་དབྱང་དང་ས་གནས་ཀྱི་ལོངས་སྤྱོད་བསྡུར་གྲངས་4:6ལ་གཏན་འཁེལ་བྱེད་དགོས་པ་དང་། གཉིས་ནས་གཏེར་འཚོལ་དབང་ཆ་དང་གཏེར་འདོན་དབང་ཆ་སྤྱོད་པའི་གྲོན་དངུལ་དེ་གཏེར་ཁའི་ཐོན་རྫས་ཀྱི་རིན་གོང་འགྱུར་ལྡོག་འགྲོ་ཚུལ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་གཞིར་བཟུང་སྒུལ་རྣམ་ལེགས་སྒྲིག་བྱེད་དགོས་པའི་གཏེར་ལས་དབང་ཆ་བཟུང་སྤྱོད་གྲོན་དངུལ་དུ་བསྡུ་སྒྲིལ་བྱ་རྒྱུ་སྟེ། ཀྲུང་དབྱང་དང་ས་གནས་ཀྱི་ལོངས་སྤྱོད་བསྡུར་གྲངས་2:4ལ་གཏན་འཁེལ་བྱེད་དགོས་པ། གསུམ་ནས་གཏེར་ཁ་སྔོག་འདོན་བྱེད་སྐབས་ཐོན་ཁུངས་དཔྱ་ཁྲལ་སྒྱུར་བཅོས་ཀྱི་སྒྲིག་འཛུགས་ལག་བསྟར་ལས་དོན་ཡག་པོ་སྒྲུབ་དགོས་པ། བཞི་ནས་ལག་ལེན་བསྟར་བཞིན་པའི་གཏེར་རིའི་ཁོར་ཡུག་བཅོས་སྒྲིག་སླར་གསོའི་འགན་ལེན་དངུལ་དེ་དོ་དམ་ཚད་ལྡན་དང་། འགན་དབང་གཅིག་གྱུར། བེད་སྤྱོད་སྟབས་བདེ་བཅས་ཀྱི་གཏེར་རིའི་ཁོར་ཡུག་བཅོས་སྒྲིག་སླར་གསོའི་ཐེབས་རྩར་ལེགས་སྒྲིག་བྱེད་དགོས་པ་བཅས་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།