འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཤིས་ཀྱིས་འདི་ལོ་མི་ཁྲི་100དབུལ་སྒྲོལ་ཡོང་བའི་ བརྩོན་ལེན་བྱེད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་22ཉིན། 12:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཉེ་ཆར་འཚོགས་པའི་2017ལོ་འཁོར་གྱི་ཀོང་ཤིས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2017ལོར་ཀོང་ཤིས་ཀྱིས་མི་འབོར་དབུལ་པོ་ཁྲི་70དང་། གྲོང་ཚོ་དབུལ་པོ་900 རྫོང་དབུལ་པོ་6བཅས་དབུལ་ཞྭ་འབུད་པའི་ལས་འགན་ལེགས་སྒྲུབ་བྱེད་རྩིས་ཡོད་ལ་དེ་དང་དུས་མཚུངས་མི་འབོར་དབུལ་པོ་ཁྲི་100དང་། གྲོང་ཚོ་དབུལ་པོ་1100 རྫོང་དབུལ་པོ་8བཅས་དབུལ་ཞྭ་འབུད་པའི་དམིགས་ཚད་མངོན་འགྱུར་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད་པ་རེད།
           རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་ཏང་ཙུའི་ཁོངས་མི་ཀོང་ཤིས་ཕྱི་དངུལ་དབུལ་སྐྱོར་རྣམ་གྲངས་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲེན་ཝུའེ་ཀོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཀོང་ཤིས་ཀྱིས་2016ལོར་དབུལ་སྒྲོལ་འགག་སྒྲོལ་གྱི་མ་དངུལ་དོན་འཁྱོལ་བྱེད་ཚད་སྒོར་དུང་ཕྱུར་500ཟིན་ནས་དབུལ་སྐྱོར་ཐད་མ་དངུལ་གཏོང་ཤུགས་སྔར་ན་མེད་པ་ཆེ་རུ་ཕྱིན་ཡོད་པ་དང་། འདི་ལོ་ཀོང་ཤིས་ཀྱིས་དབུལ་སྐྱོར་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན་པ་རེད། ནོར་སྲིད་ཀྱི་དབུལ་སྐྱོར་ཆེད་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་རང་སྐྱོང་ལྗོངས་རིམ་པ་འདི་གའི་ནོར་སྲིད་ཀྱི་དབུལ་སྐྱོར་ཆེད་དངུལ་སྒོར་དུང་ཕྱུར་33.6གྲབས་གསོག་དོན་འཁྱོལ་བྱས་ནས་དུས་མཚུངས་ལས་45%ཙམ་འཕར་ཡོད་པ་དང་། ནོར་སྲིད་ཀྱི་ཞིང་ལས་དང་འབྲེལ་བ་ཡོད་པའི་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་བེད་སྤྱོད་ཚོད་ལྟར་སྐུལ་འདེད་གཏིང་ཟབ་བཏང་ནས་2017ལོར་ལྗོངས་ཡོངས་ཀྱི་དབུལ་སྐྱོར་རྫོང་54ཡོངས་རྫོགས་བསྡུ་སྒྲིལ་ཚོད་ལྟའི་ཁོངས་སུ་འཇུག་རྒྱུ་ཡིན་པ་རེད། 《ཀོང་ཤིས་ཀྱི་ནོར་སྲིད་དབུལ་སྐྱོར་གྱི་ཆེད་དངུལ་དོ་དམ་བྱ་ཐབས་》བཏོན་ནས་མ་དངུལ་བེད་སྤྱོད་བརྒྱུད་རིམ་དོ་དམ་ལ་ཤུགས་སྣོན་དང་། ནོར་སྲིད་ལྟ་སྐུལ་དང་རྩིས་བཤེར་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ནོར་སྲིད་ཀྱི་དབུལ་སྐྱོར་ཆེད་དངུལ་རྣམ་གྲངས་ལ་ཞིབ་མཆན་འགོད་པའི་དབང་ཆ་རྫོང་ལ་གཤམ་སྤྲོད་བྱས་ཏེ་མ་དངུལ་ལ་ཞིབ་མཆན་འགོད་པ་དང་གཏོང་སྤྲོད་རྩིས་འབུལ་སོགས་ཀྱི་གོ་རིམ་སྔར་བས་སྟབས་བདེ་རུ་བཏང་ནས་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་དང་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད།
           ཀྲུང་དབྱང་གིས་དབུལ་སྒྲོལ་གྱི་བླང་བྱ་གསར་པ་དང་ཚད་གཞི་གསར་པ་ནན་དུ་གཏོང་རྒྱུར་གཞིགས་ནས་ཀོང་ཤིས་ཀྱིས་འདི་ལོ་དུད་ཚང་དབུལ་པོ་དང་། གྲོང་ཚོ་དབུལ་པོ། རྫོང་དབུལ་པོ་བཅས་ཀྱི་དབུལ་ཞྭ་འབུད་པའི་དམིགས་ཚད་ལེགས་སྒྲིག་འཐུས་སྒོ་ཚང་དུ་བཏང་ཡོད་པ་སྟེ། དཔེར་ན། དུད་ཚང་དབུལ་པོའི་དབུལ་ཞྭ་འབུད་པའི་ཚད་གཞིའི་ཐད་ན་ནིང“ཡོང་འབབ་ཡོང་ཁུངས་ཡོད་པའི”རྨང་གཞིའི་ཐོག“ཟས་གོས་གཉིས་ལ་སེམས་ཁྲལ་མེད་པ”དང“བརྟན་ལྷིང”ཡོང་རྒྱུ་ཁ་སྣོན་རྒྱག་རྒྱུ་ཁ་གསལ་བཏོན་ནས་རྒྱལ་ཁབ་ཀྱིས་བཏོན་པའི“གྲོང་གསེབ་ཀྱི་མི་འབོར་དབུལ་པོར་ལྟོ་གོས་ཐད་སེམས་ཁྲལ་མེད་པའི”བླང་བྱ་དང་མཐུན་ཐབས་བྱས་པ་རེད། དེ་བཞིན་རྫོང་དབུལ་པོའི་དབུལ་ཞྭ་འབུད་པའི་ཚད་གཞིའི་ཐད་རྒྱལ་ཁབ་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བླང་བྱ་གཞིར་བཟུང“2017ལོར་རྫོང་ཡོངས་ཀྱི་འོས་འགན་སློབ་གསོ་སྲ་བརྟན་ཐུབ་ཚད་90%ཡན་(ཚུད་པ)ཟིན་པ་བྱེད་རྒྱུ་དང་འབྲེལ་ལོ་རེ་བཞིན་མཐོ་རུ་གཏོང་བ་དང་2020ལོར་སླེབས་སྐབས་93%(ཚུད་པ)ཡན་ཟིན་པ་བྱེད་རྒྱུ་ཁ་སྣོན་བརྒྱབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།