འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།མཁའ་གྲུ་ཨང་དང་པོའི་ཟོག་འདྲེན་འཕུར་གྲུ་འཕེན་གཏོང་ལེགས་གྲུབ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་22ཉིན། 12:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་20ཉིན་གྱི་ཆུ་ཚོད་19དང་སྐར་མ་41ཐོག་མཁའ་གྲུ་ཨང་དང་པོའི་ཟོག་འདྲེན་འཕུར་གྲུ་བླུགས་པའི་རྒྱང་སྐྱོད་རྟགས་ཅན་བདུན་པའི་རྒྱང་ཚོར་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་རང་རྒྱལ་གྱི་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ས་ཚིགས་ནས་འཕེན་གཏོང་བྱས་ཏེ་སྐར་ཆ་596ཙམ་གྱི་རྗེས་སུ་འཕུར་གྲུ་དང་མེ་ཤུགས་འཕུར་མདའ་ལོགས་དབྱེ་ཐུབ་ནས་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་བསྐྱོད་ཐུབ་པ་བྱུང་སྟེ་འཕེན་གཏོང་ཐུགས་གྲ་ལེགས་འགྲིག་བྱུང་བ་རེད།
            མིག་སྔར་སུམ་རྩེན་ཨང་གཉིས་པ་ས་ངོས་ལས་བར་ཐག་སྤྱི་ལེ་393ཡོད་པའི་སྦྲེལ་མཐུད་འཁོར་ལམ་དུ་ཡོད་པ་དང་སྒྲིག་ཆས་ཀྱི་འཁོར་སྐྱོད་རྒྱུན་གཏན་ཡིན་པས་སྦྲེལ་མཐུད་ལས་འགན་གྱི་བླང་བྱ་དང་འཚམ་ཡོད།
           རྒྱང་སྐྱོད་རྟགས་ཅན་བདུན་པའི་རྒྱང་ཚོར་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དང་དེ་སྔོན་འཕུར་སྐྱོད་ལས་འགན་དང་པོ་འཁུར་མཁན་གྱི་རྒྱང་སྐྱོད་རྟགས་ཅན་བདུན་པའི་རྒྱང་ཚོར་དང་པོའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་ལག་རྩལ་རྣམ་པ་སྤྱིར་ན་གཅིག་གྱུར་བྱུང་ནས། ཟོག་འདྲེན་འཕུར་གྲུ་འཕེན་གཏོང་གི་བླང་བྱ་དང་འཚམ་ཕྱིར་ལག་རྩལ་འགའི་ཐད་བཟོ་བཅོས་བྱས་ནས་བདེ་འཇགས་རང་བཞིན་དང་བློས་འཁེལ་ཚད་སྔར་བས་མཐོ་རུ་བཏང་ཡོད། འདི་ནི་རྒྱང་སྐྱོད་མུ་འབྲེལ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕུར་ཐེངས་247པ་དེ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།