འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་རྨ་ཆུའི་ཆུ་འགོ་ཁུལ་གྱིས་བྱ་ཐབས་གསར་པ་བཏོན་ཏེ་དྲ་མིག་ཅན་ལ་བརྟེན་ནས་ཆུ་
    འགོའི་ཁུལ་གྱི་སྣོད་བཅུད་ལ་དོ་དམ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་22ཉིན། 13:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་མགོ་ལོག་ཀྲོའུ་རྨ་སྟོད་རྫོང་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྨ་ཆུའི་ཆུ་འགོ་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་བྱེད་ཆེད་ས་གནས་དེས་སྒྲིག་སྲོལ་ལམ་ལུགས་རབ་དང་རིམ་པ་བཏོན་ཏེ་ས་གནས་དེའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་གཞོགས་འདེགས་བྱས་ཡོད་པ་རེད། རྨ་སྟོད་རྫོང་དེ་ཉིད་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དུ་གནས་པ་དང་། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་རྨ་ཆུའི་ཆུ་འགོ་ཁུལ་དང་། མཚོ་སྔོན་ས་མཐོའི་སྣོད་བཅུད་སྲུང་ཡོལ་གལ་ཆེན་ཞིག་ཡིན་པ་རེད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་འགོའི་སྐྱེད་ཚལ་ཁུལ་དེ་རྨ་སྟོད་རྫོང་ཁོངས་སུ་གནས་པ་དང་སྐྱེད་ཚལ་ཁུལ་གྱི་རྒྱ་ཁྱོན་གྱིས་རྨ་སྟོད་རྫོང་གི་རྒྱ་ཁྱོན་བསྡོམས་འབོར་གྱི་78.01%བཟུང་ཡོད་པ་རེད།
           ངོ་སྤྲོད་བྱས་པར་གཞིགས་ན། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ཚོད་ལྟ་དང་བཅས་བཙུགས་ཚུན་རྨ་སྟོད་རྫོང་གིས་རྫོང་དེ་ཡོངས་ཀྱི་སྣོད་བཅུད་བདག་སྐྱོང་བ་ཁྱབ་རྒྱ་ཆེ་བ་དང་མང་ཚོགས་ཀྱི་རྨང་གཞི་ཡག་པ་སོགས་ཀྱི་མཐུན་རྐྱེན་དང་ལེགས་ཆ་གང་ལེགས་སྤྱད་དེ་ཉེ་འགྲམ་གྱི་འབྲོག་པ་མང་ཚོགས་ཚོར་སྣོད་བཅུད་ཁོར་ཡུག་འཛུགས་སྐྲུན་གྱི་ལག་ལེན་པ་དང་སྐུལ་འདེད་པ་བྱེད་རྒྱུར་ཁྲིད་སྟོན་བྱས་པ་དང་། ཁོང་ཚོར་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་འཛུགས་རྒྱུར་རོགས་རམ་དང་རྨ་ཆུའི་ཆུ་འགོ་ཁུལ་སྲུང་སྐྱོང་ཡག་པོ་བྱས་ཏེ“ས་སྲུང་གི་འགན་འཁྲི་ཡོད་པ་དང་། ས་སྲུང་གི་འགན་འཁྲི་འཁུར་བ། ས་སྲུང་གི་འགན་འཁྲི་གཙང་སྒྲུབ”བཅས་ཐུབ་རྒྱུར་ཁྲིད་སྟོན་བྱས་ཡོད་པ་རེད།
          མིག་སྔར་རྨ་སྟོད་རྫོང་གི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་འགོའི་ཁུལ་དུ་བཙུགས་པའི་སྣོད་བཅུད་སྤྱི་ཕན་ལས་གནས་1080ཡི་བདག་སྐྱོང་བ་ཡོངས་རྫོགས་ལས་གནས་ཐོག་སླེབས་ཡོད་པ་དང་། དེའི་ནང་བདག་སྐྱོང་བ་70%ས་གནས་དེ་གའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་ཡིན་པ་རེད། སྣོད་བཅུད་བདག་སྐྱོང་བ་ཚོས་རྫོང་ཁོངས་ཀྱི་རྩྭ་ཐང་དང་། འདམ་ར། ནགས་ཚལ། ཆུ་འགོ་ཁུལ། ཆུ་བོ་དང་མཚེའུ་སོགས་ལ་རྒྱུན་གཏན་གྱི་སྐོར་ཞིབ་བྱེད་པ་དང་དུས་མཚུངས་འབྲོག་པ་མང་ཚོགས་ཚོས་ལྕགས་དྲ་དང་། རིམས་ནད་སྔོན་འགོག་ཆེད་སྤྱོད་སྒྲིག་ཆས། རྩྭ་ཐང་གི་གནོད་ཅན་སྐྱེ་དངོས་སྔོན་འགོག་ཚོད་འཛིན་སོགས་ཀྱི་སྒྲིག་ཆས་སྤྱོད་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ་རྩྭ་ཐང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཞན་གྱུར་རྩྭ་ར་བཅོས་སྐྱོང་། ཨ་བྲ་དང་འབུའི་གནོད་འཚེ་འགོག་བཅོས་བཅས་དང་དེ་བཞིན་བདག་མེད་རྩི་ཤིང་སྔོག་འཐུ་སོགས་ཀྱིས་སྣོད་བཅུད་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་བྱེད་སྤྱོད་ལ་ལྟ་སྐུལ་བྱེད་པ་དང་འབྲེལ་དུད་ཚང་རེ་རེ་བཞིན་གྱིས་ཕྱུགས་རིགས་འཚོ་ཚད་གཏན་འཁེལ་དང་རྩྭ་ཐང་ཐོག་ཕྱུགས་རིགས་ཚད་ནས་བརྒལ་ཏེ་འཚོ་བ་ཉུང་དུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།