འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ལྟ་ཞིབ་ཚད་ལེན་བྱས་པ་ལས་མཚོ་སྔོན་པོའི་དར་རྦད་དེ་ཞིག་པ་མངོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་22ཉིན། 13:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱས་པར། སྲུང་སྐར་གྱིས་རྒྱང་ཚོར་ལྟ་ཞིབ་ཚད་ལེན་བྱས་པ་ལས་མངོན་དོན། ཟླ་4ཚེས་13མཚོ་སྔོན་པོའི་དར་རྦད་དེ་ཞིག་པ་དང་ན་ནིང་ལས་ཉིན་38ཀྱིས་སྔོན་ལ་དར་ཞིག་ཅིང་། ཉེ་བའི་ལོ་བཅུ་དང་བསྡུར་ན་ཆ་སྙོམས་ཉིན་44ཡི་སྔོན་ལ་དར་ཞིག་ཡོད།
          ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་པོ་ལོ་ལྟར་གྱི་ཟླ་བ་12པའི་ཟླ་དཀྱིལ་ནས་བཟུང་དར་ཆགས་པ་དང་ལོ་གཉིས་པའི་ཟླ་བ་3པའི་ཟླ་དཀྱིལ་ནས་དར་ཞིག་འགོ་ཚུགས་ཀྱི་ཡོད།
           མཚོ་སྔོན་པོ་འདི་ལོའི་ཟླ་2ཚེས་1ཉིན་ནས་བཟུང་དར་ཞིག་འགོ་ཚུགས་པ་དང་ཟླ་བ་གསུམ་པར་དྲོད་ཚད་ཐེངས་ཁ་ཤས་ཆགས་པའི་ཤུགས་རྐྱེན་ཐེབས་པས་ཚད་གཞི་ངེས་ཅན་ཐོག་ནས་མཚོ་སྔོན་པོའི་དར་ཞིག་པའི་བརྒྱུད་རིམ་ཕྱིར་འགྱངས་བྱས་ཡོད། ཟླ་4ཚེས་13ཉིན་དར་རྦད་དེ་ཞིག་ནས་ན་ནིང་ལས་ཉིན་9ནར་འགྱངས་བྱས་པ་དང་དར་ཞིག་ཡུན་ཉིན་71ཡིན་པ་རེད། བསྡུར་བ་བྱས་པ་བརྒྱུད། མཚོ་སྔོན་པོ་ན་ནིང་ལས་ཉིན་38ཀྱིས་སྔོན་ལ་དར་ཞིག་པ་དང་ཉེ་བའི་ལོ་བཅུ་(2007ལོ་ནས་2016ལོ་བར)དང་བསྡུར་ན་ཆ་སྙོམས་ཉིན་44ཡི་སྔོན་ལ་དར་ཞིག་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།