འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།འཁྲབ་གཞུང་ཆེ་མོ་10ལ་ཁྱོན་སྒོར་ཁྲི་1680ཡི་རོགས་རམ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་22ཉིན། 12:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩ་ལྷན་ཚོགས་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། 2017ལོའི་རིམ་སྤྲོད་མ་དངུལ་རོགས་སྐྱོར་རྣམ་གྲངས་ཁྱབ་བསྒྲགས་བྱས་ནས་འཁྲབ་གཞུང་ཆེ་མོ་10ལ་ཁྱོན་སྒོར་ཁྲི་1680ཡི་རོགས་རམ་ཐོབ་པ་རེད།
            རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་རིམ་སྤྲོད་མ་དངུལ་རོགས་སྐྱོར་རྣམ་གྲངས་ནི་མ་དངུལ་རོགས་སྐྱོར་རྣམ་གྲངས་སྤྱིར་བཏང་ཁྲོད་ནས་ལེགས་འདེམས་ཧྲག་བསྡུས་ཀྱིས་འཁྲབ་གཞུང་བཅོ་བཟོས་དང་། བཞུན་བརྡར། བརྒྱུད་སྤེལ་བཅས་བསྐྱར་མ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་ཞིག་ཡིན་ལ། “སྤུས་རྟགས་དམ་འཛིན་དང་རྩེ་མོར་སྙེག་པའི”བྱ་ཐབས་གསར་པ་ཞིག་ཀྱང་རེད།
            ངོ་སྤྲོད་བྱས་པར་གཞིགས་ན། རིགས་གཅིག་མཁས་པས་ཞིབ་དཔྱད་བྱས་པ་བརྒྱུད་གཏམ་བརྗོད་ཟློས་གར་《པེ་ཅིང་གི་ཧྥ་ཡོན་དགོན་》དང་། ཧྲན་ཤིས་ཀྱི་ཟློས་གར་《ཡུས་ཁྲེང་ལུ་ང》སོགས་གར་སྟེགས་འཁྲབ་གཞུང་དང་བརྩམ་བྱ་དག་2017ལོའི་གར་སྟེགས་ཟློས་གར་ཆེ་གྲས་དང་བརྩམ་བྱའི་རིམ་སྤྲོད་མ་དངུལ་རོགས་སྐྱོར་བྱ་ཡུལ་དུ་བརྩིས་པ་དང་། དབྱང་ཀྲོའུ་ཡི་གཞས་མ་གཏམ་《མེས་ལན་ཧྥང་གི་དམ་བཅའ་བརྟན་པོ》དང་། རྔ་རྡུང་ཟློས་གར་《ལོ་ཏོག་ལ་ལྟ་བ་》སོགས་འཁྲབ་གཞུང་ཐུང་ངུ་(འཁྲབ་ཚན)དང་བརྩམས་ཆོས་12དག་2017ལོའི་འཁྲབ་གཞུང་ཐུང་ངུ་(འཁྲབ་ཚན)དང་བརྩམས་ཆོས་ལ་རིམ་སྤྲོད་ངང་མ་དངུལ་རོགས་སྐྱོར་བྱ་ཡུལ་དུ་བཅུག་པ། སྒྱུ་རྩལ་གསར་གཏོད་ན་གཞོན་ཤེས་ལྡན་པའི་རི་མོའི་རིགས་ལ་རིམ་སྤྲོད་རོགས་སྐྱོར་རྣམ་གྲངས་ཁྲོད་ན་གཞོན་སྒྱུ་རྩལ་མཁས་པ་46གི་བརྩམས་ཆོས་98(ཚོགས་པ)དང་། སྒྱུ་རྩལ་ཤེས་ལྡན་པ་7གྱི་རི་མོའི་རིགས་ཀྱི་མ་དངུལ་རོགས་སྐྱོར་རྣམ་གྲངས་ཁྲོད་ཀྱི་སློབ་ཕྲུག་གི་བརྩམས་ཆོས་(ཚོགས་པ)14བཅས་བསྡོམས་བརྩམས་ཆོས་112(ཚོགས་པ)རི་མོའི་རིམ་སྤྲོད་མ་དངུལ་རོགས་སྐྱོར་བྱ་ཡུལ་དུ་བརྩིས་པ། སྒྱུ་རྩལ་གསར་གཏོད་ན་གཞོན་ཤེས་ལྡན་པའི་འཁྲབ་གཞུང་རྩོམ་འབྲིར་མ་དངུལ་རོགས་སྐྱོར་རྣམ་གྲངས་ཁྲོད་ཟློས་གར་དང་གཞས་མ་གཏམ་གྱི་འཁྲབ་གཞུང་རྩོམ་མཁན་11ཀྱིས་གསར་རྩོམ་བྱས་པའི་འཁྲབ་གཞུང་11ལ་རིམ་སྤྲོད་མ་དངུལ་རོགས་སྐྱོར་བྱ་ཡུལ་དུ་བརྩིས་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།