འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་གླིང་པའི་ཡུན་རིང་གནས་སྡོད་ལག་ཁྱེར་སྟབས་བདེ་རུ་གཏོང་བའི་སྒྱུར་བཅོས་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་22ཉིན། 12:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། སྤྱི་བདེ་པུས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་སོ་གཉིས་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་《ཕྱི་གླིང་པའི་ཡུན་རིང་གནས་སྡོད་ལག་ཁྱེར་སྟབས་བདེ་རུ་གཏོང་བའི་སྒྱུར་བཅོས་ཇུས་གཞི་》པར་འགྲེམས་བྱས་པ་དེ་ཐོག་ནས་ཕྱི་གླིང་པའི་ཡུན་རིང་གནས་སྡོད་ལག་ཁྱེར་སྟབས་བདེ་རུ་གཏོང་བའི་སྒྱུར་བཅོས་དངོས་སུ་བྱེད་འགོ་ཚུགས་པ་མཚོན་ཡོད། ཇུས་གཞི་ལྟར་ན། ཕྱི་གླིང་པའི་ཡུན་རིང་གནས་སྡོད་ལག་ཁྱེར་སྟབས་བདེ་རུ་གཏོང་བའི་སྒྱུར་བཅོས་ལས་འགན་2017ལོའི་དུས་ཚིགས་གཉིས་པར་ལེགས་གྲུབ་ཡོང་རྒྱུ་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན། སྒྱུར་བཅོས་བྱ་ཐབས་ནང་། གཅིག་ནས། “ཕྱི་གླིང་པའི་ཡུན་རིང་གནས་སྡོད་ལག་ཁྱེར”དེ“ཕྱི་གླིང་པའི་ཡུན་རིང་གནས་སྡོད་ཐོབ་ཐང་ལག་ཁྱེར”དུ་སྒྱུར་ཏེ་ཐོབ་ཐང་ཁས་ལེན་བྱེད་ནུས་ཆེ་རུ་གཏོང་བ་དང་། གཉིས་ནས། ཐོན་གཉིས་པའི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ལྟར་ལག་ཁྱེར་གྱི་ཇུས་འགོད་ལེགས་སུ་གཏོང་བ་དང་། ལག་རྩལ་ཚད་གཞི་གཅིག་གྱུར་བྱེད་པ། ལག་ཁྱེར་ཁྲོད་སྙིང་ལྕགས་བཅུག་ནས་ལག་ཁྱེར་སྤྲོད་པའི་དོ་དམ་ཆ་འཕྲིན་གསོག་ཉར་བཅས་བྱས་ཏེ་ཐོན་གཉིས་པའི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་གྱི་ལྟ་ཀློག་ཡོ་བྱད་ཀྱིས་ངོས་འཛིན་དཔྱད་ཞིབ་བྱེད་ཐུབ་པ། གསུམ་ནས། ལྕགས་ལམ་དང་། དམངས་སྤྱོད་མཁའ་འགྲུལ། འགན་བཅོལ། མགྲོན་ཁང་། དངུལ་ཁང་སོགས་འབྲེལ་ཡོད་ཆ་འཕྲིན་མ་ལག་སྒྱུར་བཀོད་བྱས་ནས་ཡུན་རིང་གནས་སྡོད་བྱེད་མཁན་ཕྱི་གླིང་པའི་ཆ་འཕྲིན་སྡེ་ཚན་དབར་མཉམ་སྤྱོད་བྱེད་ཐུབ་པ། བཞི་ནས། དམིགས་སའི་རང་བཞིན་གྱི་དྲིལ་བསྒྲགས་བྱས་ཏེ“ཕྱི་གླིང་པའི་ཡུན་རིང་གནས་སྡོད་ཐོབ་ཐང་ལག་ཁྱེར”གྱི་ཤེས་ཚད་མཐོ་རུ་བཏང་ནས་འབྲེལ་ཡོད་སྡེ་ཚན་དང་ལས་རིགས་ལས་སྒོའི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ལག་ཁྱེར་ཡོད་པའི་མིས་སྤྱི་ཚོགས་ཀྱི་ལས་སྒོ་ཁག་གཉེར་སྐབས་སྟབས་བདེ་སྐྲུན་ཐུབ་པ་བཅས་ཚུད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།