འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་འཕྲུལ་ཆས་ཀྱི་གྲུབ་འབྲས་རྣམ་གྲངས་གསུམ་ལ་རྒྱལ་ཡོངས་
    ཀྱི་ཐོན་ལེགས་བྱ་དགའ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་21ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཞིང་ལས་པུས་2014ལོ་ནས་2016ལོ་བར་གྱི་རྒྱལ་ཡོངས་ཀྱི་ཞིང་འབྲོག་ཉ་གསུམ་ལས་རིགས་ཀྱི་ཐོན་ལེགས་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་ཡོངས་བསྒྲགས་བྱས་པ་དང་མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་འཕྲུལ་ཆས་ཀྱི་གྲུབ་འབྲས་རྣམ་གྲངས་གསུམ་ལ་རྒྱལ་ཡོངས་ཀྱི་ཞིང་འབྲོག་ཉ་གསུམ་ལས་རིགས་ཀྱི་ཐོན་ལེགས་བྱ་དགའ་ཐོབ་པ་རེད།
           མཚོ་སྔོན་ཞིང་ཆེན་ཞིང་འབྲོག་འཕྲུལ་ཆས་ཁྱབ་གདལ་ས་ཚིགས་དང་ཞིང་ལས་པུའི་ཞིང་ལས་འཕྲུལ་ཆས་ཁྱབ་གདལ་སྤྱི་ཁྱབ་ས་ཚིགས་ཀྱིས་མཉམ་དུ་ལག་ལེན་བསྟར་བའི“རི་ཐང་འདྲུད་འཐེན་འཕྲུལ་འཁོར་དང་རྨོ་འདེབས་ལག་རྩལ་དཔེ་སྟོན་དང་ཁྱབ་གདལ”གྱི་རྣམ་གྲངས་ལ་ཞིང་ལས་པུས་སྤྲད་པའི་རྒྱལ་ཡོངས་ཞིང་འབྲོག་ཉ་གསུམ་ལས་རིགས་ཀྱི་ཐོན་ལེགས་བྱ་དགའ་སྟེ། ཞིང་ལས་ལག་རྩལ་ཁྱབ་གདལ་གྲུབ་འབྲས་བྱ་དགའི་རྣམ་གྲངས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། མཚོ་སྔོན་ཞིང་ཆེན་པད་ཁ་འཕྲུལ་ཆས་ཅན་གྱི་སྤུས་འབོར་འདེབས་འཛུགས་དང་མཉམ་འབྲེལ་ཐོན་འཕར་ལག་རྩལ་ཞིབ་འཇུག་དང་ཁྱབ་གདལ་གྱི་རྣམ་གྲངས་ལ་ཞིང་འབྲོག་ཉ་གསུམ་ལས་རིགས་ཀྱི་ཐོན་ལེགས་བྱ་དགའི་རྣམ་གྲངས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ། མཚོ་སྔོན་ཞིང་ཆེན་གྱི་འབྲིང་ཆུང་རིགས་ཀྱི་རྒྱ་གྲོ་མ་ཐོན་སྐྱེད་འཕྲུལ་ཆས་ཅན་གྱི་ལག་རྩལ་ཁྱབ་གདལ་གྱི་རྣམ་གྲངས་ལ་ཞིང་འབྲོག་ཉ་གསུམ་ལས་རིགས་ཀྱི་ཐོན་ལེགས་བྱ་དགའི་རྣམ་གྲངས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།