འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ནོར་སྲིད་ཀྱི་ཞིང་ཕན་ཁ་གསབ་དངུལ་སྤྲོད་པའི"མཐའ་མའི་འགག་གནད"ལས་སྒྲོལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་21ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་དང་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ནོར་སྲིད་ཀྱི་དམངས་ཕན་ཁ་གསབ་དངུལ་སྤྲོད་པའི“མཐའ་མའི་འགག་གནད”ཀྱི་འགོག་རྐྱེན་ནུས་ཤུགས་ཡོད་རྒུས་སེལ་ཡོད། ལོ་གཉིས་ཚོད་ལྟ་བྱས་པ་བརྒྱུད་གམ་པ་རྫོང་མཚོན་བྱེད་དུ་བྱེད་པའི“རྒྱལ་མཛོད་ནས་ཚབ་བྱེད་དངུལ་ཁང་དང་ཚབ་བྱེད་དངུལ་ཁང་ནས་ཞིང་འབྲོག་དུད་དབར”གྱི“གཱ་གཅིག་ཀུན་ཁྱབ”ཀྱི་དངུལ་སྤྲོད་རྣམ་པ་ཆགས་ཡོད། ན་ནིང་ལོ་སྨད་དུ“གཱ་གཅིག་ཀུན་ཁྱབ”ལམ་ལུགས་ལྗོངས་ཡོངས་སུ་ཁྱབ་གདལ་བཏང་ཡོད།
           ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་བོད་ལྗོངས་ནོར་སྲིད་ཀྱིས་ཞིང་འབྲོག་པར་ཐད་ཀར་དང་བར་བརྒྱུད་ཀྱི་ཐབས་ལ་བརྟེན་ནས་མི་རེར་ཁ་གསབ་རོགས་དངུལ་སྒོར་4486སྤྲད་པ་དང་ནོར་སྲིད་ཀྱིས་ཞིང་པར་རྒྱབ་སྐྱོར་བྱེད་པའི་མ་དངུལ་སྒོར་དུང་ཕྱུར་220.3བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།