འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཕོ་བྲང་དཀར་པོས་ཀྲུང་གོས་དངུལ་བརྗེས་འཛའ་ཐང་སྟངས་འཛིན་བྱས་མེད་ཅེས་བསྐྱར་
    བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་21ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་17ཉིན་ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་སི་ཕའེ་སའེ་ཡིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཙུང་ཐུང་གི་འགན་འཁུར་ཚུན་ཀྲུང་གོས་དངུལ་བརྗེས་འཛའ་ཐང་སྟངས་འཛིན་བྱས་མེད་ཅེས་བསྐྱར་བསྒྲགས་བྱས་པ་རེད།
         སི་ཕའེ་སའེ་ཡིས་དེ་ཉིན་ཕོ་བྲང་དཀར་པོའི་གསར་འགྱུར་ཡོངས་བསྒྲགས་འཆར་ཅན་ཚོགས་འདུའི་ཐོག་དྲི་བར་ལན་རྒྱག་སྐབས་ཨ་རིའི་ནོར་སྲིད་པུས་གཟའ་འཁོར་གོང་མར་ཀྲུང་གོ“དངུལ་བརྗེས་འཛའ་ཐང་སྟངས་འཛིན་བྱེད་མཁན་གྱི་རྒྱལ་ཁབ”གྲས་སུ་བཞག་མེད། གང་ལགས་ཤེ་ན། ཐེ་རོན་ཕུས་ཙུང་ཐུང་གི་འགན་འཁུར་ཚུན་ཀྲུང་གོས་དངུལ་བརྗེས་འཛའ་ཐང་སྟངས་འཛིན་བྱས་མེད་པས་ཡིན་པ་དང“དེ་ནི་དོན་དངོས་ཤིག་རེད”ཅེས་བཤད།
         ཁོང་གིས་དེ་དང་ཆབས་ཅིག་ཉེ་དུས་ཐེ་རོན་ཕུས་ཁྱབ་བསྒྲགས་བྱས་པའི་ཡིག་ཆའི་ནང་དུ་ཡང་མིག་སྔར་ཀྲུང་གོ“དངུལ་བརྗེས་འཛའ་ཐང་སྟངས་འཛིན་བྱེད་མཁན་གྱི་རྒྱལ་ཁབ”ཀྱི་གྲས་སུ་བཞག་པ་དེ་ནི་གཟབ་ནན་གྱི་བྱ་ཐབས་ཤིག་མིན། དེ་འདྲ་བྱས་ན་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཐད་ཀྱི་ཨ་ཀྲུང་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་ཤུགས་རྐྱེན་ཐེབས་སྲིད་ཅེས་བསྟན་ཡོད་ཅེས་བཤད།
         དེ་གོང་ཐེ་རུན་ཕུས་《ཧྭའར་ཁྲོམ་གཞུང་གི་ཉིན་རེའི་ཚགས་པར་》གྱི་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོ་ནི“དངུལ་བརྗེས་འཛའ་ཐང་སྟངས་འཛིན་བྱེད་མཁན་རྒྱལ་ཁབ”མིན་ཞེས་ཁ་གསལ་བཏོན་ནས་འགྲན་འདེམས་བྱེད་སྐབས་ཀྱི་གནད་དོན་དེའི་ཐད་ཀྱི་ལངས་ཕྱོགས་ལ་འགྱུར་ལྡོག་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།