འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།བྲག་གསུམ་མཚོ་བསྐོར་བའི་སྐབས་ལྔ་པའི་ཐང་བགྲོད་རྐང་འཁོར་འགྲན་བསྡུར་ཟླ་བཞི་པའི་
    ཟླ་མཇུག་ཏུ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་21ཉིན། 14:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བྲག་གསུམ་མཚོ་བསྐོར་བའི་སྐབས་ལྔ་པའི་ཐང་བགྲོད་རྐང་འཁོར་འགྲན་བསྡུར་ཟླ་4ཚེས་30ཉིན་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་གསུམ་མཚོ་མཛེས་ལྗོངས་ཁུལ་དུ་འགོ་འཛུགས་རྒྱུ་རེད། དེ་ནི་ད་བར་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་མཚོ་སྐོར་ཐང་བགྲོད་རྐང་འཁོར་འགྲན་བསྡུར་ཞིག་ཡིན།
         འགྲན་བསྡུར་དེ་ལོ་བཞི་བསྟུད་མར་གཉེར་བ་དང་2015ལོར་རྒྱལ་སྤྱིའི་འགྲན་བསྡུར་ལ་རིམ་སྤོར་བྱས་པས་དབྱིན་ཇི་དང་། ཨ་རི། ཧན་གོ་སོགས་རྒྱལ་ཁབ་ཀྱི་བདམས་ཐོན་པ་ཞུགས་ཡོད། འགྲན་བསྡུར་གྱི་ལམ་ཐག་ལ་སྤྱི་ལེ་99ཡོད་པ་དེ་ཉིན་གཉིས་ལ་ཕྱེ་ཡོད། ཉིན་དང་པོར་མཛེས་ལྗོངས་ཁུལ་གྱི་རྒྱལ་སྒོ་ནས་ཐོན་ཏེ་མཚོ་སྐོར་གྱི་འགྲན་ལམ་བརྒྱུད་ནས་སྐྱེད་པ་གྲོང་ཚོ་བར་བསྐྱོད་རྒྱུ་ཡིན་པ་དང་ཉིན་གཉིས་པར་སྐྱེད་པ་གྲོང་ཚོ་ནས་ཤིང་མཚོ་ལུང་གཞུང་བརྒྱུད་དེ་ཟམ་མདུན་རྩྭ་ར་ནས་མཐའ་མའི་ས་ཚིགས་བར་སྐྱོད་རྒྱུ་རེད། ལམ་བར་དུ་གཞུང་ལམ་དང་། བྱེ་རྡོའི་ལམ། རྩྭ་ཐང་། ནགས་ཚལ། བྱེ་བགྲོད་ལམ་བཅས་བརྒྱུད་དགོས་ཀྱི་ཡོད།
          ངོ་སྤྲོད་བྱས་པར་གཞིགས་ན། འགྲན་བསྡུར་གྱི་ལམ་ཚད་ཧྲིལ་པོའི་ས་བབ་སྨི་3600ཡན་ཡིན་པས་ལུས་ཤེད་ཅུང་ལེགས་ཙམ་དགོས། མ་ཟད་ལམ་བར་གྱི་མཛེས་ལྗོངས་ལྟ་ན་སྡུག་པོ་ཡོད། བྲག་གསུམ་མཚོ་ནི་རྒྱལ་ཁབ་ཀྱི་Aརིམ་པ་བཞི་ཡི་མཛེས་ལྗོངས་ཁུལ་ཡིན་པ་དང་རྒྱ་ཁྱོན་ལ་མུའུ་དྲུག་སྟོང་ལྷག་ཙམ་ཡོད།
          ད་ཕན་ལོ་ཤས་རིང་། བོད་ཀྱིས་ཁང་ཕྱིའི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་བཏང་བ་དང་འབྲེལ་ཁང་ཕྱིའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཀླུ་ནང་བསྐོར་བའི་ཐང་བགྲོད་རྐང་འཁོར་འགྲན་བསྡུར་དང་། ཤོག་བུ་ལ་བསྐོར་བའི་རྐང་འཁོར་བྱེ་བགྲོད་འགྲན་བསྡུར་སོགས་འགྲན་བསྡུར་མང་པོ་བསྟུད་མར་གཉེར་ཡོད། ཁང་ཕྱིའི་ལུས་རྩལ་འཕེལ་རྒྱས་ཕྱིན་པ་དང་སྦྲགས། ས་མཐོའི་རྐང་འཁོར་ལ་དགའ་པོ་བྱེད་མཁན་ཉིན་རེ་ལས་མ་འདས་པར་མང་དུ་ཕྱིན་ནས་གཡག་རྐང་འཁོར་རུ་ཁག་དང་གྲོགས་པོ་རྙིང་པའི་རྐང་འཁོར་རུ་ཁག་སོགས་ས་གནས་དེ་གའི་གྲགས་ཅན་རྐང་འཁོར་རུ་ཁག་ཆར་རྗེས་ཀྱི་མྱུ་གུ་བཞིན་ཐོན་དང་ཐོན་མུད་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།