འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་འདི་ལོའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་
    བའི་སྔོན་དཔག་ལེགས་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་21ཉིན། 14:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་(IMF)ཀྱིས་འདི་ལོའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་སྔོན་དཔག་ལ་ལེགས་སྒྲིག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་མོད། འོན་ཀྱང་སྲུང་སྐྱོང་རིང་ལུགས་ཀྱི་གནས་ཚུལ་ཐོན་མང་བ་དང་དེ་བཞིན་གོ་ལ་ཧྲིལ་པོས་སྲིད་ཇུས་ཐད་ནས་མཐུན་སྦྱོར་བྱ་རྒྱུ་མི་འདང་བའི་རྐྱེན་གྱིས་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུའི་ཐད་ཉེན་ཁ་འཕྲད་རྒྱུའི་དྲན་སྐུལ་བྱས་ཡོད།
          IMFཡིས་དེ་ཉིན་ཁྱབ་བསྒྲགས་བྱས་པའི་《འཛམ་གླིང་དཔལ་འབྱོར་གྱི་རྒྱང་ལྟའི་སྙན་ཞུའི་》ནང་འདི་ལོའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་3.5%འཕར་རྒྱུ་དེ་འདི་ལོའི་ཟླ་བ་དང་པོའི་སྔོན་རྩིས་ལས་བརྒྱ་ཆའི་གྲངས་0.1འཕར་རྒྱུའི་སྔོན་དཔག་ལེགས་སྒྲིག་བྱས་ཡོད། IMFཡིས་ཕྱི་ལོའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་དེ་3.6%རྒྱུན་འཁྱོངས་ཐུབ་རྒྱུའི་སྔོན་དཔག་བྱས་ཡོད།
         IMFདབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་མོ་ལི་སི·ཨོ་པུ་སི་ཐེ་ཧྥེར་ཏེས་དེ་ཉིན་གསར་འགྱུར་ཡོངས་བསྒྲགས་ཀྱི་ཚོགས་འདུའི་ཐོག་འདི་ལོའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུའི་སྔོན་དཔག་ལེགས་སྒྲིག་བྱེད་པའི་རྒྱུ་རྐྱེན་གཙོ་བོ་དེ་ཡོ་རོབ་དང་ཨེ་ཤེ་ཡར་ཐུག་ཡོད་པ་དང་ལྷག་པར་དུ་ཀྲུང་གོ་དང་རི་པིན་གྱི་དཔལ་འབྱོར་རྣམ་པ་ཧ་ཅང་ཡག་པོ་ཡོད་པས་ཡིན་ཞེས་བཤད།
         IMFཡིས་ཀྲུང་གོའི་འདི་ལོ་དང་སང་ལོའི་དཔལ་འབྱོར་འཕར་བའི་སྔོན་དཔག་བརྒྱ་ཆའི་གྲངས་ཁག་སོ་སོར་0.1དང་བརྒྱ་ཆའི་གྲངས་0.2ནས་6.6%དང་6.2%བར་ལེགས་སྒྲིག་བྱ་རྒྱུ་ཡིན་ཞིང་། ལེགས་སྒྲིག་བྱེད་དོན་ནི་2016ལོའི་ཀྲུང་གོའི་དཔལ་འབྱོར་འཕར་བའི་སྔོན་དཔག་ཡག་པོ་ཡོད་པ་དང་ཆབས་ཅིག་སྲིད་ཇུས་ཀྱིས་དཔལ་འབྱོར་འབྲིང་སྟོད་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་རྒྱུར་མུ་མཐུད་རྒྱབ་སྐྱོར་ཐུབ་རེ་ཡོད་པ་དེ་ཡིན། སྙན་ཞུའི་ནང་ཀྲུང་གོའི་དཔལ་འབྱོར་གྱི་ཕྱོགས་སྒྱུར་ལ་མུ་མཐུད་སྐུལ་འདེད་ཐེབས་ནས་རྒྱལ་ནང་ཐོན་སྐྱེད་བསྡོམས་འབོར་ཁྲོད་བཟུང་བའི་ཞབས་ཞུའི་ལས་རིགས་དང་འཛད་སྤྱོད་ཀྱི་བསྡུར་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད་པ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།