འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲོན་བོད་གཞུང་ལམ་ཐོག་མིག་མངས་པ་དང་འགྲན་འཁོར་པ་མཉམ་ཞུགས་ཀྱི་རླངས་འཁོར་
    མཐུད་རྒྱུག་འགྲན་བསྡུར་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་21ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་2ཉིན་ནས་ཚེས་15ཉིན་བར་གཉེར་རྒྱུའི་སྐབས་དང་པོའི“རི་རྩེ། ཕུགས་བསམ”ཞེས་པའི་མིག་མངས་པ་དང་འགྲན་འཁོར་པ་མཉམ་ཞུགས་ཀྱི་རླངས་འཁོར་མཐུད་རྒྱུག་འགྲན་བསྡུར་ནི་ཉེ་བའི་ལོ་ཤས་རིང་ཁྲོན་བོད་གཞུང་ལམ་ཐོག་གཉེར་བའི་རླངས་འཁོར་མཐུད་རྒྱུག་འགྲན་བསྡུར་ཐོག་མ་དེ་རེད།
          འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱི་དྲུང་ཆེ་དབྱང་ཝུའེ་གོ་ཡིས་སྐབས་དེར་མིག་མངས་པ་6དང་འགྲན་འཁོར་པ་6ཆ་སྒྲིག་བྱས་ཏེ་ཚོགས་ཆུང་6ལ་བགོས་ནས་ཕན་ཚུན་གཞོགས་འདེགས་རྣམ་པའི་ཐོག་ནས་འགྲན་བསྡུར་བྱ་རྒྱུ་རེད། འགྲན་བསྡུར་ལམ་རྒྱུད་དུ་ཉེན་ཁ་བལྟོས་བཅས་ཀྱིས་ཆེ་བ་མ་ཟད། ད་དུང་འགྲན་བསྡུར་བྱ་ཡུལ་ཡང་འགྲིམ་འགྲུལ་མ་ལམ་ཅིག་ཡིན་པར་བསམ་གཞིག་བྱས་ཏེ་སྐབས་དེ་དུས་སྒྲིག་འཛུགས་ཨུ་ལྷན་གྱིས་ལམ་དུམ་ཁག་བགོས་ཀྱིས་རླངས་འཁོར་མཐུད་རྒྱུག་འགྲན་བསྡུར་བྱ་རྒྱུ་དང་ལམ་ཐག་སྤྱི་ལེ་1000ཙམ་ཟིན་རྒྱུ་རེད། དུས་མཚུངས་སུ་ས་ཆ་ཁ་ཤས་སུ་མིག་མངས་འགྲན་བསྡུར་དང་པར་ལེན་འགྲན་བསྡུར་སོགས་ཀྱི་བྱེད་སྒོའང་སྤེལ་རྒྱུ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། འགྲན་བསྡུར་དེ་ནི་ཁྲེང་ཏུའུ་ནས་འགོ་བཙུགས་རྒྱུ་དང། བར་དུ་དར་རྩེ་མདོ་དང་། སྨར་ཁམས། སྤོ་མེས། དགའ་ལུང་ལ། བྲག་ཡིབ། ལྷ་ས་སོགས་བརྒྱུད་མཐར་ཇོ་མོ་གླང་མའི་སྒར་ས་ཆེན་པོར་འབྱོར་རྒྱུ་རེད།
          འགྲན་བསྡུར་དེ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་མིག་མངས་ལུས་རྩལ་དོ་དམ་ལྟེ་གནས་དང་། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན། ཀྲུང་གོ་མིག་མངས་མཐུན་ཚོགས། སི་ཁྲོན་ཞིང་ཆེན་ལུས་རྩལ་ཅུས། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་བཅས་ཀྱིས་གཙོ་གཉེར་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།