འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་དཔའ་རིས་རྫོང་གིས་དཔའ་རིས་བོད་རིགས་ཀྱི་དམངས་གཞས་མྱུར་སྐྱོབ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་20ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཀན་སུའུ་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གིས་ལོ་བཅུ་ལྷག་ཙམ་རིང་དཔའ་རིས་བོད་རིགས་ཀྱི་དམངས་གཞས་འཚོལ་བསྡུ་དང་ལེགས་སྒྲིག་བྱས་ནས་སྔ་རྗེས་སུ་《དཔའ་རིས་ཀྱི་ལ་གཞས་》སོགས་དཔེ་སྐྲུན་བྱས་ཏེ་རྒྱུན་ཆད་ཉེན་ཡོད་པའི་མི་རིགས་རིག་གནས་ཀྱི་མཆོག་ནོར་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད།
         ཉེ་ཆར། ཀན་སུའུ་དཔའ་རིས་བོད་རིགས་རང་སྐྱོང་རྫོང་བོད་སྐད་ཡིག་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་དགའ་ལྡན་ཚེ་རིང་གིས་ཀྲུང་གོ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་རྫོང་དེས་ལོ་བཅུ་ལྷག་ཙམ་རིང་དཔའ་རིས་བོད་རིགས་ཀྱི་དམངས་གཞས་འཚོལ་བསྡུ་དང་ལེགས་སྒྲིག་བྱས་ནས་《དཔའ་རིས་ཀྱི་ལ་གཞས་》སོགས་དཔེ་སྐྲུན་བྱས་ཏེ་རྒྱུན་ཆད་ཉེན་ཡོད་པའི་མི་རིགས་རིག་གནས་ཀྱི་མཆོག་ནོར་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         དཔའ་རིས་བོད་རིགས་ཀྱི་དམངས་གཞས་གཞས་ཀྱི་ཚིག་ལ་རྩོམ་རིག་རང་བཞིན་ལྡན་པ་དང་། འགྱུར་ཁུག་སྙན་འཇེབས་ལྡན་པས་དཔའ་རིས་མི་རིགས་ཀྱི་དམངས་ཁྲོད་རིག་གནས་ཁྲོད་ཀྱི་སྙིང་བཅུད་ཅིག་རེད། མང་ཆེ་བ་ངག་གཏོང་བྱས་པ་ལས་ཡིག་ཐོག་ཏུ་བཀོད་པ་ཧ་ཅང་ཉུང་ཉུང་ཡིན་པ་དང་། 2008ལོར་ཀྲུང་གོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་གཉིས་པའི་ནང་བདམས་པ་རེད།
         དཔའ་རིས་བོད་རིགས་ཀྱི་དམངས་གཞས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་བྱ་ཆེད། ཀན་སུའུ་དཔའ་རིས་ཀྱིས་ལོ་འཁོར་དབྱེ་ནས་《དཔའ་རིས་དམངས་གཞས་ཀྱི་སྙན་ཚིག་དང་གཞས་གདངས་སྙིང་བཏུས་》རྩོམ་སྒྲིག་དཔེ་སྐྲུན་བྱས་པ་དེའི་ནང་མཚོན་བྱེད་རང་བཞིན་གྱི་གཞས་ཚིག་200ལྷག་ཙམ་བསྡུ་ལེན་དང་ཡིག་སྒྱུར་བྱས་པ་དང་འབྲེལ། སྲོལ་རྒྱུན་གྱི་གཞས་གདངས་སྒྲ་བརྙན་དུ་ཕབ་འཇུག་བྱས་རྗེས་གཞས་ཚིག་བཅུག་ནས་ཁྱོན་བསྡོམས་སྲོལ་རྒྱུན་གྱི་གཞས་གདངས་54བསྡུས་ཡོད། འདི་ནི་དཔའ་རིས་བོད་རིགས་ཀྱི་དམངས་གཞས་སྒྲ་གདངས་དབྱངས་རྟགས་ཀྱི་ཐོག་ནས་ཟིན་བཀོད་བྱེད་ཐེངས་དང་པོ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།