འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་འབྲིང་དགེ་རྒན་ཞིག་གིས་སློབ་མ་གཉིས་ལ་བཙན་གཡེམ་བྱས་པའི་དོགས་གཞི་ཡོད་
    སྟབས་ཉེས་དོན་བཀག་ཉར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་20ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཧུ་ནན་ཞིང་ཆེན་ཧྲའོ་དབྱང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་གཞུང་ཕྱོགས་པོད་འཕྲིན་དུ་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། ཟླ་4ཚེས་18ཉིན་གྱི་ཕྱི་དྲོར། དོགས་ཡོད་ཉེས་ཅན་རུས་མིང་ལ་ཡོན་ཆེ་གེ་མོ་(སྐྱེས་པ། ལོ་35 ཏོང་ཁོའུ་རྫོང་སློབ་འབྲིང་ཞིག་གི་དགེ་རྒན་ཡིན་པ་)ཡིས་བཙན་གཡེམ་བྱས་པའི་དོགས་གཞི་ཡོད་སྟབས་ཏོང་ཁོའུ་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་མཐུན་ལྟར་ཉེས་དོན་བཀག་ཉར་བྱས་པ་རེད།
           ཟླ་4ཚེས་17ཉིན། གནོད་འཚེ་ཕོག་པའི་སློབ་མ་ཞིག་གིས་རང་ཉིད་ཀྱི་ཁྱིམ་བདག་དང་མཉམ་དུ་ཏོང་ཁོའུ་རྫོང་སྤྱི་བདེ་ཅུས་སུ་གྱོད་དོན་སྙན་སེང་ཞུ་བར་འབྱོར་ནས་འཛིན་གྲྭའི་ཀྲུའུ་རེན་ཡོན་ཆེ་གེ་མོ་ཡིས་འཆལ་རྩེད་བྱས་ཚུལ་བརྗོད་ནས་ཞིབ་བཤེར་ཐག་གཅོད་བྱ་རྒྱུའི་རེ་བ་བཏོན་པ་རེད།
             གྱོད་དོན་བདག་སྤྲོད་བྱས་པའི་རྗེས། ཏོང་ཁོའུ་རྫོང་སྤྱི་བདེ་ཅུས་ཀྱིས་འཕྲལ་མར་གྱོད་ཐོ་བཀོད་དེ་མྱུལ་ཞིབ་བྱས་ནས་དོགས་ཡོད་ཉེས་ཅན་ཡོན་ཆེ་གེ་མོ་བཟུང་བ་རེད། མི་དམངས་ཉེན་རྟོག་པས་མྱུལ་ཞིབ་བྱས་པ་བརྒྱུད། 2017ལོའི་ཟླ་3པར། ཡོན་ཆེ་གོ་མོ་ཡིས་སློབ་གྲྭ་དེ་གའི་ལོ་རིམ་དགུ་པའི་འཛིན་གྲྭ་ཞིག་གི་ཀྲུའུ་རེན་གྱི་འགན་འཁུར་རྗེས། འཛིན་གྲྭའི་སློབ་མ་གཉིས་ཁེར་མར་གཞུང་ལས་ཁང་དུ་འབོད་རྗེས། འཆལ་རྩེད་དང་བཙན་གཡེམ་བྱས་པ་རེད།
            ད་ལྟ། གྱོད་དོན་མྱུལ་ཞིབ་སྔར་བས་ཞིབ་ཚགས་ངང་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།