འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱར་དུས་ལྗང་ཞིང་དགུན་དུས་སེར་བའི་ཤིང་སྡོང་།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་12ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    དཔྱིད་དུས་ཀྱི་ཕོ་བྲང་པོ་ཏ་ལའི་བརྗིད་ཉམས།
    དཔྱིད་དུས་ཀྱི་ཕོ་བྲང་པོ་ཏ་ལའི་བརྗིད་ཉམས། 
         མི་དམངས་དྲ་བའི་འཕྲིན། དཔྱིད་དུས་ཤར་ནས་ས་གཞིར་དྲོད་རྒྱས་མོད། འོན་ཀྱང་། ཤིང་སྡོང་ཡོངས་མཉམ་དུ་ལྗང་མདོག་ཏུ་གྱུར་མེད་ལ། མེ་ཏོག་ཡོངས་མཉམ་དུ་རྣམ་པར་བཞད་མེད། ཞིབ་ཏུ་བལྟས་ན་རང་བྱུང་ཁམས་སུ་ཤིང་སྡོང་རྣམས་ཀྱང་རང་གཤིས་མི་འདྲ་བ་ལྡན་པའི་མི་དང་འདྲ་བ་སྟེ། མི་འགའ་རེ་འཚབ་བེ་འཚུབ་བེ་དང་། མི་འགའ་རེ་དལ་དལ་ལྷོད་ལྷོད་ཡིན་ལ། མི་རྒྱུ་མ་རིང་པོ་ཡང་ཡོད་པ་ལྟ་བུ་རེད། ལྷ་ས་གྲོང་ཁྱེར་གྱི་བདེ་སྐྱིད་ལམ་དུ་དལ་གྱིས་བགྲོད་དུས། ལམ་འགྲམ་གྱི་རྒྱ་ལྕང་ནི་སྔོ་ལྗང་ལྗང་དུ་གྱུར་ཡོད་ལ། ལམ་ཧྲིལ་པོ་ལྗང་མདོག་ཏུ་གྱུར་ཡོད་པ་རེད། ཡིན་ནའང་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་ནི་དེ་ལྟར་མ་ཡིན་པ། རྒྱ་ལྕང་ནི་སྔ་བཞིན་སྐྱ་ཐིང་ཐིང་གནས་ཡོད་པ་དང་། ལྗང་མདོག་ཐིག་ཙམ་ཡང་བྱུང་མེད་ཅིང་། མེ་ཏོག་ནི་དེ་བས་ཀྱང་བཞད་རྩིས་མེད།
    ལྗོན་ཤིང་གིས་བསྟུམས་པའི་ལྷ་སའི་སྲང་ལམ།
    ལྗོན་ཤིང་གིས་བསྟུམས་པའི་ལྷ་སའི་སྲང་ལམ།
    རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་གི་རང་འགུལ་ཆུ་གཏོར་འཕྲུལ་ཆས།
    རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་གི་རང་འགུལ་ཆུ་གཏོར་འཕྲུལ་ཆས།
    ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་ནང་གི་ཁམ་བུའི་མེ་ཏོག་བཞད་པ།
    ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་ནང་གི་ཁམ་བུའི་མེ་ཏོག་བཞད་པ།
    ལྷ་སའི་སྲང་ལམ་དུ་བཞད་པའི་ལེན་ཆའོ་མེ་ཏོག
    ལྷ་སའི་སྲང་ལམ་དུ་བཞད་པའི་ལེན་ཆའོ་མེ་ཏོག
      

    ཕྱོགས་བསྡུས་གསར་འགྱུར།