འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་མགོ་ལོག་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་
    ཞུགས་ལས་གཏོད་ལ་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་11ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་བྱེད་ཐབས་སྣ་མང་སྤྱད་དེ་ལས་ཞུགས་བར་མཐོངས་རྒྱ་ཆེར་གཏོང་བ་དང་། ལས་ཞུགས་ལས་སྟེགས་གཏོད་པ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སློབ་ཐོན་སློབ་མའི“འཇོན་ཐང་ཅན་དུ་འགྱུར་བའི་ཕུགས་འདུན་དང་ལས་ཞུགས་ཀྱི་ཕུགས་འདུན”མངོན་འགྱུར་ཐུབ་པ་བྱས་པ་རེད།
         མགོ་ལོག་ཁུལ་གྱིས་སློབ་ཆེན་སློབ་མའི་ལས་གཏོད་སྣེ་འདྲེན་འཆར་གཞི་མུ་མཐུད་ལག་བསྟར་བྱས་ནས“གཉིས་གཏོད”ལས་ཀའི་སྤྱིའི་བཀོད་སྒྲིག་ནང་བཅུག་སྟེ་མཐོ་སློབ་སློབ་མར་ཕྱོགས་གང་ས་ཅི་ཐད་ནས་ལས་གཏོད་ཞབས་ཞུ་མཁོ་འདོན་བྱས་པ་རེད། 2016ལོར་མཐོ་སློབ་སློབ་ཐོན་སློབ་མར་དམིགས་ཏེ་མི་383ལ་ལས་གཏོད་གསོ་སྦྱོང་འཛིན་གྲྭ་ཐེངས་6གཉེར་བ་དང་། རང་བརྟེན་ལས་གཏོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་44ལ་ལས་གཏོད་ཁག་ཐེག་དངུལ་སྒོར་ཁྲི་440གཡར་བ། ལས་ཤོར་མི་སྣ་116ལ་ལས་གཏོད་ལས་ཞུགས་ཐུབ་རྒྱུར་རོགས་སྐྱོར་དང་སྐུལ་འཁྲིད་བྱས་པ་རེད། མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་བྱ་དགའི་སྲིད་ཇུས་ལག་བསྟར་ཧུར་ཐག་བྱས་ཏེ་རང་བརྟེན་གསར་གཏོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་47ལ་ཐེངས་གཅིག་རང་བཞིན་གྱི་ལས་གཏོད་བྱ་དགའི་དངུལ་སྒོར་ཁྲི་43སྤྲད་པ་དང་། རང་བརྟེན་གསར་གཏོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་7ལ་ལས་གཏོད་ཁ་གསབ་དངུལ་སྒོར་ཁྲི་1.4ཐོག་མར་སྤྲད་པ། ཞིང་འབྲོག་པའི་མཉམ་ལས་ཁང་གཉེར་མཁན་གྱི་མཐོ་སློབ་སློབ་ཐོན་སློབ་མ་1ལ་ཁ་གསབ་སྒོར་ཁྲི་1.1སྤྲད་པ་དང་ཆབས་ཅིག་ལེ་ལག་ཚང་བའི་བྱེད་ཐབས་རབ་དང་རིམ་པ་དོན་འཁྱོལ་བྱས་པས་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ཧུར་སེམས་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།