འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་བོད་ལྕགས་ལམ་ཀུང་སིས་མེ་འཁོར་འཁོར་སྐྱོད་དཔེ་རིས་གསར་པ་ལག་བསྟར་བྱས་
    ནས་ཡུལ་སྐོར་བ་མང་ཤོས་ཀྱི་དུས་ཚིགས་ལ་གྲ་སྒྲིག་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་11ཉིན། 14:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་བོད་ལྕགས་ལམ་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྐྱེལ་འདྲེན་བྱེད་ཤུགས་ཀྱི་ཐོན་ཁུངས་སྔར་བས་སྔོག་འདོན་དང་མེ་འཁོར་སྐྱེལ་འདྲེན་གྱི་ནུས་པ་ཆེ་རུ་བཏང་སྟེ་མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་བ་མང་ཤོས་ཀྱི་དུས་ཚིགས་ལ་གྲ་སྒྲིག་བྱ་ཆེད། མཚོ་བོད་ལྕགས་ལམ་ཀུང་སིས་ཟླ་4ཚེས་16ཉིན་གྱི་ཐོ་རེངས་ནས་བཟུང་འགྲུལ་སྐྱེལ་མེ་འཁོར་འཁོར་སྐྱོད་དཔེ་རིས་ཕྱོགས་ཡོངས་ནས་ལེགས་སུ་དང་ལེགས་སྒྲིག་བྱེད་རྩིས་ཡོད་པ་རེད།
         མཚོ་བོད་ལྕགས་ལམ་ཀུང་སིའི་འབྲེལ་ཡོད་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ལག་བསྟར་བྱེད་ཉེར་ཡོད་པའི་མེ་འཁོར་འཁོར་སྐྱོད་ཀྱི་དཔེ་རིས་གསར་པར་ཁྲུང་ཆིང་བྱང་མ་ནས་ལྷ་ས་བར་གྱི་མེ་འཁོར་Z223/2/3དང་Z224/1/4དང་། ཁྲེང་ཏུའུ་ནས་ལྷ་ས་བར་གྱི་མེ་འཁོར་Z322/3དང་Z324/1གི་བོད་སྐྱོད་ཡུལ་སྐོར་མེ་འཁོར་གཉིས་དང་། ཁྲུང་ཆིང་བྱང་མ་ནས་ཟི་ལིང་བར་དང་། ཁྲེང་ཏུའུ་ནས་ཟི་ལིང་བར། ཟི་ལིང་ནས་ལྷ་ས་བར་བཅས་སུ་དུམ་བུ་ཕྱེ་ནས་འཁོར་སྐྱོད་བྱེད་རྩིས་ཡོད་པས། འགྲུལ་པ་ཚོ་ཟི་ལིང་བབས་ཚུགས་སུ་མེ་འཁོར་བརྗེས་ནས་ས་མཐོའི་རྣམ་པའི་གསོ་རླུང་མཁོ་འདོན་ཐུབ་པའི་བོད་སྐྱོད་མེ་འཁོར་ནང་སྡོད་དགོས་ཀྱི་ཡོད་པ་རེད།
         དེ་དང་ཆབས་ཅིག་མེ་འཁོར་འཁོར་སྐྱོད་དཔེ་རིས་གསར་པར་ཟི་ལིང་ནས་དབྱིན་ཁྲོན་བར་གྱི་འགྲུལ་སྐྱེལ་མེ་འཁོར་K815/6དང་། ཝུའུ་ལུའུ་མུ་ཆི་ནས་ཧན་ཁོའུ་བར་གྱི་འགྲུལ་སྐྱེལ་མེ་འཁོར་Z294/1དང་Z292/3མང་དུ་གཏོང་རྒྱུ་དང་ལམ་བར་དུ་ཟི་ལིང་བབས་ཚུགས་སུ་ཁ་འགོག་རྒྱུ་ཡིན་པ་དང་། ཟི་ལིང་ནས་གཏེར་ལེན་ཁ་བར་གྱི་འགྲུལ་སྐྱེལ་མེ་འཁོར་Z6819/20དེ་འགྲུལ་སྐྱེལ་མེ་འཁོར་Z9877/8ལ་བརྗེས་ནས་མེ་འཁོར་གཏེར་ལེན་ཁ་བར་ཐད་ཀར་གཏོང་རྒྱུ་དང་འགྲོ་ཐེངས་གཅིག་ལ་ཆུ་ཚོད་4དང་སྐར་མ་02འཁོར་སྐྱོད་བྱ་རྒྱུ། གོར་མོ་ནས་ལན་ཀྲོའུ་བར་གྱི་འགྲུལ་སྐྱེལ་མེ་འཁོར་K1330/29འཁོར་སྐྱོད་བྱེད་མཚམས་འཇོག་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།