འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱིས་ཁྱད་ལྡན་གྲོང་རྡལ་ཆུང་ངུ་བསྐྲུན་རྒྱུར་མ་དངུལ་སྒོར་དུང་ཕྱུར་བཅུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་11ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་གསར་འགོད་པར་བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་ལས་དོན་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་གསལ། མིག་སྔའི་བར་བོད་དུ་རང་སྐྱོང་ལྗོངས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་དཔེ་སྟོན་ས་ཚིགས་ཀྱི་གྲོང་རྡལ་ནང་བཅུག་པའི་གྲོང་རྡལ་26ཡོད། བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་ལས་དོན་ལ་མ་དངུལ་སྒོར་དུང་ཕྱུར་10བཀོད་སྒྲིག་བྱས་པ་དང་མིག་སྔའི་བར་མ་དངུལ་སྒོར་དུང་ཕྱུར་4.3སྤྲད་པས་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་ལ་སྐུལ་འདེད་བདེ་བླག་གཏོང་ཆེད་དུས་འགོའི་ལས་དོན་གྱི་མ་དངུལ་འགན་ལེན་བྱས་ཡོད།
         མིག་སྔར་བོད་རང་སྐྱོང་ལྗོངས་ཀྱིས་ཁྱད་ལྡན་གྲོང་རྡལ་ཆུང་ངུ་19ཡི་སྤྱིའི་འཆར་འགོད་ལ་མཆན་འགོད་གནང་བ་དང་ཁྱད་ལྡན་གྲོང་རྡལ་ཆུང་ངུ་17གྱི་ཞིབ་ཕྲའི་འཆར་འགོད་དང་གྲོང་ཁྱེར་ཇུས་འགོད་དང་འཛུཌ་སྐྲུན་འཆར་འགོད་ལ་མཆན་འགོད་བཀའ་ལན་གནང་ཡོད། ལྷོ་ཁ་གྲོང་ཁྱེར་བསམ་ཡས་གྲོང་རྡལ་གྱི་སྤྱིའི་འཆར་འགོད་དང་ལྕེ་བདེ་ཞོལ་གྲོང་རྡལ་གྱི་ཞིབ་ཕྲའི་འཆར་འགོད་དང་། གྲོང་ཁྱེར་འཆར་འགོད། འཛུཌ་སྐྲུན་འཆར་འགོད་སོགས་སྔར་བས་ལེཌ་སུ་དང་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད། ཉིང་ཁྲི་གྲོང་རྡལ་དང་། སྐྱིད་ཐང་གྲོང་རྡལ། ཤག་ཆུ་གྲོང་རྡལ། འདྲེན་ཐང་གྲོང་རྡལ། གནམ་མཚོ་ཤང་། ཐང་སྨད་གྲོང་རྡལ་བཅས་གསར་དུ་བཅུག་པའི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་6སྒྲིག་ཁོངས་ཀྱི་འཕེལ་རིམ་འཆར་གཞི་མགྱོགས་མྱུར་འགོད་བཞིན་ཡོད། གསར་སྣོན་བྱས་པའི་དཔེ་སྟོན་ས་ཚིགས་དང་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་ཕུད་དེ་མིན་གྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་18ཀྱི་འབྲེལ་ཡོད་རྣམ་གྲངས་52ལས་འགོ་ཚུགས་པར་མ་དངུལ་སྒོར་དུང་ཕྱུར་11.4བཏང་ཡོད།
         གོམ་སྟབས་རྗེས་མར་བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་རྒྱལ་ཡོངས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་ནང་རེ་ཞུ་ཧུར་ཐག་བྱས་ཏེ་གྲོང་ཁྱེར་(ས་ཁུལ་)ཁག་གིས་ཁྱད་ལྡན་གྲོང་རྡལ་ཆུང་ངུ་སྐྲུན་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁྲིད་སྟོན་བྱེད་པ་དང་། མ་རྩ་མཉམ་འདྲེས་ཀྱི་སྒྲིག་སྲོལ་ལ་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱབ་སྐྱོར་སྲིད་ཇུས་དང་འགན་ལེན་བྱེད་ཐབས་བཟོ་བ་བཅས་བྱས་ནས་སྡོད་ཁང་འཛུགས་སྐྲུན་པུའུ་ལ་ཁག་གཉིས་པའི་རང་ལྗོངས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འོས་སྦྱོར་བྱ་རྒྱུའི་རེ་འདུན་ཧུར་ཐག་ཕུལ་ཏེ་རང་སྐྱོང་ལྗོངས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་དཔེ་སྟོན་ས་ཚིགས་26རྒྱལ་ཡོངས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུར་རིམ་བཞིན་འགྱུར་རྒྱུའི་བརྩོན་ལེན་ཧུར་ཐག་བྱ་རྒྱུ་ཡིན་པ་རེད།
        ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་《ཁྱད་ལྡན་གྲོང་རྡལ་ཆུང་ངུའི་འཛུགས་སྐྲུན་པའི་འཆར་འགོད་ཀྱི་སྒྲིག་ཁོངས་བླང་བྱ་》སོགས་བཟོས་ཏེ་ལྗོངས་ཡོངས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་འཆར་འགོད་སྒྲིག་ཁོངས་དང་ལག་རྩལ་ཞིབ་དཔྱད་ཐད་གཅིག་གྱུར་བླང་བྱ་བཏོན་ནས་འཛུགས་སྐྲུན་ལས་དོན་ཁག་ཚད་ལྡན་དང་གོ་རིམ་ལྡན་པ་ཡོང་བ་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།