འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཡིག་ཡིག་གཏག་འགྲན་བསྡུར།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་10ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ཡིག་ཡིག་གཏག་འགྲན་བསྡུར།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་8ཉིན། པེ་ཅིང་མཁའ་འགྲུལ་མཁའ་སྐྱོད་སློབ་ཆེན་དུ་བོད་ཆོལ་ཁ་གསུམ་གྱི་ཡ་གྱལ་ཏེ་ཁམས་ཕྱོགས་ཀྱི་སློབ་ཆེན་སློབ་མའི་སྤྱི་ཕན་ཚོགས་པས་གཙོ་གཉེར་བྱས་ཏེ། པེ་ཅིང་གི་སློབ་ཆེན་ཁག་ཏུ་ཡོད་པའི་བོད་རིགས་སློབ་མ་ཡོངས་ལ་ཁ་ཕྱོགས་ནས་བོད་ཡིག་ཡིག་གཏག་འགྲན་བསྡུར་སྤེལ་ཡོད་པ་རེད།
          ཐེངས་འདིའི་འགྲན་བསྡུར་གྱི་དམིགས་ཡུལ་ནི་གློག་རྡུལ་ཐོན་རྫས་འབེལ་བའི་དུས་རབས་འདིར། སློབ་གྲྭའི་དགེ་རྒན་གྱི་སློབ་ཁྲིད་བྱེད་ཐབས་ཀྱང་སྔོན་དང་མི་འདྲ་བ་དེང་གི་སྨྱན་མང་གཟུགས་ཀྱི་རྣམ་པར་གྱུར་ཡོད་པ་དང་། སློབ་ཆེན་སློབ་མའི་སྦྱོང་ཚན་དག་ཀྱང་གློག་ཀླད་ནས་ལེགས་འགྲུབ་བྱ་དགོས་ཀྱི་ཡོད་པས། བོད་ཀྱི་སློབ་ཆེན་སློབ་མས་རྒྱ་ཡིག་དང་དབྱིན་ཡིག་གི་ཡིག་གཏག་བྱང་དུ་ཆུབ་མོད། འོན་ཀྱང་། བོད་ཡིག་ཡིག་གཏག་ལ་སོ་སོ་འདྲ་མིན་སྣ་ཚོགས་ཡིན་ཞིང་། དེའི་ཕྱིར་བོད་ཀྱི་སློབ་མས་བོད་ཀྱི་རིག་གནས་ལ་མཐོང་ཆེན་བྱེད་བཞིན་དུ། བོད་ཡིག་ཡིག་གཏག་གི་ནུས་པའང་མཐོ་རུ་གཏོང་ཆེད་ཡིན་པ་རེད། 
         བོད་ཡིག་ཡིག་གཏག་གི་འགྲན་བསྡུར་མཇུག་རྫོགས་རྗེས། གཙོ་གཉེར་ཚོགས་པས་འགྲན་ཞུགས་པའི་ཡིག་གཏག་གི་གྲངས་ཀ་མང་ཉུང་ལ་གཞིགས་ནས། བྱ་དགའ་ཨང་དང་པོ་གཅིག ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ། ཕུལ་བྱུང་བྱ་དགའ་ཁ་ཤས་བཅས་སྤྲད་ཡོད་པ་རེད། དེ་མཐུད་ནས་འགྲན་ཞུགས་པ་དང་གཙོ་གཉེར་ཚོགས་མི་ལྷན་དུ་བོད་ལྗོངས་དཔེ་ཚོང་ཁང་དུ་ལྟ་སྐོར་ཕྱིན་ནས་བོད་ཡིག་གི་དཔེ་ཆ་དཔེ་ཀློག་བྱས་པ་དང་བོད་ཀྱི་རིག་གནས་སྐོར་ལ་ལྟ་སྐོར་བྱེད་ཅིང་། རང་སོ་སོའི་མཐོང་རྒྱ་དང་ཐོས་རྒྱ་ཆེ་རུ་འགྲོ་བར་འབད་པ་བྱས་ཡོད་པ་རེད།
    【1】  【2】
    འགྲན་ཞུགས་པས་ཡི་གེ་གཏག་བཞིན་པ།
    འགྲན་ཞུགས་པས་ཡི་གེ་གཏག་བཞིན་པ། 
    འགྲན་ཞུགས་པར་བྱ་དགའ་སྤྲོད་པ།
    འགྲན་ཞུགས་པར་བྱ་དགའ་སྤྲོད་པ། 
      

    ཕྱོགས་བསྡུས་གསར་འགྱུར།