འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།སུའུ་ལི་ཧྲིར་བཅའ་སྡོད་དང་ལེ་ཁེ་ཐེན་སི་ཐེན་རྒྱལ་ཕྲན་རྒྱལ་ཁབ་ལ་གཅིག་ལྕོགས་སུ་བཅའ་
    སྡོད་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་ཁང་གིས་བོད་རིགས་སྤུན་ཟླའི་བཞུགས་མོལ་
    ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་06ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སུའུ་ལི་ཧྲིར་བཅའ་སྡོད་དང་ལེ་ཁེ་ཐེན་སི་ཐེན་རྒྱལ་ཕྲན་རྒྱལ་ཁབ་ལ་གཅིག་ལྕོགས་སུ་བཅའ་
སྡོད་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་ཁང་གིས་བོད་རིགས་སྤུན་ཟླའི་བཞུགས་མོལ་
ཚོགས་འདུ་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་29ཉིན་སུའུ་ལི་ཧྲིར་བཅའ་སྡོད་དང་ལེ་ཁེ་ཐེན་སི་ཐེན་རྒྱལ་ཕྲན་རྒྱལ་ཁབ་ལ་གཅིག་ལྕོགས་སུ་བཅའ་སྡོད་སྤྱི་ཁྱབ་གཞུང་ཚབ་ཀའོ་ཡན་ཕིང་གིས་སྤྱི་ཁྱབ་གཞུང་ཚབ་ཁང་གི་གཞུང་ལས་ཐོག་ཁང་དུ་བོད་རིགས་སྤུན་ཟླའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པ་དང་། སུའུ་ཙེར་རྒྱལ་ཁབ་ལ་གནས་སྡོད་དང་ལེ་ཁེ་ཐེན་སི་ཐེན་རྒྱལ་ཕྲན་རྒྱལ་ཁབ་ལ་གནས་སྡོད་བོད་རིགས་སྤུན་ཟླའི་འཐུས་ཚབ་སོགས་མི་30ལྷག་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།
         ཀའོ་ཡན་ཕིང་གིས་ཐོག་མར་སྨོན་ཚིག་ཕུལ་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་པད་མ་འཕྲིན་ལས་ཀྱིས་སྣེ་ཁྲིད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པ་སུའུ་ཙེར་རྒྱལ་ཁབ་ལ་འཚམས་འདྲི་གནང་བར་ཕེབས་པ་མ་ཟད་བཞུགས་མོལ་ཚོགས་འདུ་འདིར་ཞུགས་པར་དགའ་སྤྲོ་འཁོལ་བའི་ངང་ནས་དགའ་བསུ་ཞུས་པ་དང་། བོད་རིགས་སྤུན་ཟླའི་འཐུས་ཚབ་ཚོ་སྤྱི་ཁྱབ་གཞུང་ཚབ་ཁང་དུ་མགྲོན་པོར་ཕེབས་པར་དགའ་སྤྲོ་འཁོལ་བའི་ངང་ནས་དག་བསུ་ཞུས་ཤིང་། ཞི་ཅིན་ཕིང་སྲོག་ཤིང་དུ་གྱུར་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་འགྱུར་མེད་ཀྱི་དབུ་ཁྲིད་འོག ཀྲུང་གོའི་བོད་ཁུལ་གྱི་མི་དམངས་ཀྱིས་མཐུན་སྒྲིལ་བྱས་ཏེ་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་དེ་ལས་ལ་བརྩོན་ཞིང་བློ་གྲོས་ལྡན་པའི་ངང་ནས་འཛམ་གླིང་ཡོངས་ཀྱིས་བརྩི་མཐོང་ཆེན་པོ་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པ་རེད། ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་ཁང་ནི་བོད་རིགས་སྤུན་ཟླ་ཚུད་པའི་ཕྱིར་སྡོད་སྤུན་ཟླ་རྣམས་ཀྱི་དྲོད་སྐྱིད་ལྡན་པའི་ཁྱིམ་གཞིས་ཤིག་ཡིན་པས། སྔ་མ་ནང་བཞིན་རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་ནས་ཞབས་འདེགས་གང་ལེགས་ཞུ་རྒྱུ་ཡིན་ཞིང་། བོད་རིགས་སྤུན་ཟླ་རྣམས་དུས་རྟག་ཏུ་ཁྱིམ་གཞིས་འདིར་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན་པ་རེད།
        ཀྲུའུ་རེན་ཨུ་ཡོན་གཞོན་པ་པད་མ་འཕྲིན་ལས་ཀྱིས་བོད་རིགས་སྤུན་ཟླ་རྣམས་ལ་ཀྲུང་གོའི་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་འབྲེལ་ཡོད་ཀྱི་སྲིད་ཇུས་ངོ་སྤྲོད་བྱས་པ་དང་། མེས་རྒྱལ་དང་ཕ་ཡུལ་གྱི་གཉེན་ཉེ་སྤུན་ཟླ་ཚོས་རྒྱལ་ཕྱིར་ཡོད་པའི་བོད་རིགས་སྤུན་ཟླ་ཚོའི་འཚོ་བ་དང་ལས་ཀར་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཐེངས་འདིའི"མཛའ་མཐུན་གྱི་ཡུལ་སྐོར"ནི་རྒྱལ་ཕྱིར་ཡོད་པའི་གཉེན་ཉེ་རྣམས་དང་ཐུག་འཕྲད་བྱ་རྒྱུ་དང་། བོད་རིགས་སྤུན་ཟླ་རྣམས་ཀྱི་རེ་འདུན་དང་བསམ་ཚུལ་ཉན་རྒྱུ་ཡིན་ཞིང་། ཚང་མར་བོད་ལྗོངས་ཀྱི་འགྱུར་ལྡོག་དང་འཕེལ་རྒྱས་བྱུང་ཚུལ་ཤེས་རྟོགས་སྔར་ལས་ལྷག་པར་བྱེད་དུ་འཇུག་ཐུབ་ལ། བོད་རིགས་སྤུན་ཟླ་རྣམས་དུས་རྟག་ཏུ་ཕ་ཡུལ་དུ་གཉེན་ཐུག་དང་ལྟ་སྐོར་གནང་བར་ཕེབས་པ་མ་ཟད། ཕ་ཡུལ་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སོ་སོའི་སྟོབས་ཤུགས་འབུལ་བའི་རེ་བའང་བྱེད་ཀྱི་ཡིན་ཞེས་བསྟན་པ་རེད།
         བོད་རིགས་སྤུན་ཟླ་རྣམས་ཀྱིས་བློ་ཁ་ཕྱེ་ནས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་སྤེལ་བ་སྟེ། ཀྲུའུ་རེན་ཨུ་ཡོན་གཞོན་པ་པད་མ་འཕྲིན་ལས་ཀྱིས་བོད་ལྗོངས་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་་སུའེ་ཙེར་རྒྱལ་ཁབ་ལ་གནས་སྡོད་དང་ལེ་ཁེ་ཐེན་སི་ཐེན་རྒྱལ་ཕྲན་རྒྱལ་ཁབ་ལ་གནས་སྡོད་བོད་རིགས་སྤུན་ཟླའི་འཐུས་ཚབ་ལ་འཚམས་གཟིགས་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་། སྤྱི་ཁྱབ་གཞུང་ཚབ་ཁང་གིས་བོད་རིགས་སྤུན་ཟླ་དང་འཐུས་མི་ཚོགས་པ་ཐུག་འཕྲད་བྱས་པ་དང་བཞུགས་མོལ་ཚོགས་འདུ་བཀོད་སྒྲིག་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཤིང་། མེས་རྒྱལ་དང་བོད་ཁུལ་ཕ་ཡུལ་དྲན་པའི་དུང་སེམས་བསྟན་པ་དང་། དུས་རྟག་ཏུ་ཕ་ཡུལ་ལ་གཉེན་ཐུག་དང་ལྟ་སྐོར་བྱེད་པར་འགྲོ་རྒྱུ་དང་བོད་ཁུལ་ཕ་ཡུལ་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་ཐབས་འདོན་ཇུས་འབུལ་བྱ་རྒྱུའི་སྟབས་བདེ་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
         བཞུགས་མོལ་ཚོགས་འདུ་གྲོལ་རྗེས། བོད་རིགས་སྤུན་ཟླ་ཚོ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པ། སྤྱི་ཁྱབ་གཞུང་ཚབ་ཁང་གི་ཕྱི་འབྲེལ་དཔོན་པོ་བཅས་ཀྱི་བར་མཛའ་བརྩེ་ལྡན་པའི་སྤེལ་རེད་བྱས་པ་དང་། བརྩེ་བ་ཟབ་ཏུ་ཕྱིན་ནས་མཉམ་དུ་ཕ་ཡུལ་གྱི་གླུ་གཞས་བླངས་ཏེ་གཉེན་ཉེ་རྣམས་མཉམ་དུ་འཛོམས་པའི་དགའ་སྤྲོ་དང་སྤྱི་ཁྱབ་གཞུང་ཚབ་ཁང་ལ་ཐུགས་རྗེ་ཆེ་ཞུ་སེམས་བསྟན་པ་རེད། སྤྱི་ཁྱབ་གཞུང་ཚབ་ཁང་གིས་ཀྲུང་གོའི་རོ་བརྒྱ་ལྡན་པའི་དྲི་ཞིམ་ཟས་རིགས་གྲ་སྒྲིག་བྱས་ཡོད་པར་བོད་རིགས་སྤུན་ཟླ་དང་འཐུས་མི་ཚོགས་པའི་ཁོངས་མི་ཚོས་བསྟོད་བསྔགས་ཡང་ཡང་ཕུལ་བ་རེད།
    【1】  【2】
    ༄༅།།སུའུ་ལི་ཧྲིར་བཅའ་སྡོད་དང་ལེ་ཁེ་ཐེན་སི་ཐེན་རྒྱལ་ཕྲན་རྒྱལ་ཁབ་ལ་གཅིག་ལྕོགས་སུ་བཅའ་
སྡོད་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་ཁང་གིས་བོད་རིགས་སྤུན་ཟླའི་བཞུགས་མོལ་
ཚོགས་འདུ་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།