འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་25པའི་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་ཚོགས་དངོས་སུ་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་05ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    དོན་གྲུབ་དབང་འབུམ་ལགས་ཀྱིས་འགྲན་ཚོགས་དངོས་སུ་འགོ་ཚུགས་པར་བསྒྲགས་པ།
    དོན་གྲུབ་དབང་འབུམ་ལགས་ཀྱིས་འགྲན་ཚོགས་དངོས་སུ་འགོ་ཚུགས་པར་བསྒྲགས་པ།
           མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་2ཉིན་གྱི་སྔ་དྲོར། སྐབས་25པའི་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་ཚོགས་རྒྱལ་ས་པེ་ཅིང་གི་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་གཟབ་རྒྱས་ངང་སྤེལ་འགོ་ཚུགས་ཤིང་། རྒྱལ་སའི་བོད་འབྲེལ་ལས་ཁུངས་ཀྱི་ལས་བྱེད་མི་སྣ་དང་མཐོ་སློབ་ཁག་གི་བོད་རིགས་སློབ་མ་ཆིག་སྟོང་ལྷག་ཙམ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།
             འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཕེབས་པའི་སྐུ་མགྲོན་གྲས་སུ་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཟུར་པ་དོན་གྲུབ་དབང་འབུམ་དང་། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཆོས་གྲགས། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་སྒོ་ཕྱིའི་ལུས་རྩལ་སྦྱོང་བརྡར་མཐུན་ཚོགས་ཀྱི་དྲུང་ཆེ་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་རྒན་ཡོལ་ལས་བྱེད་ཅུས་ཀྱི་འགོ་འཛིན་ཟུར་པ་ཐེན་ཡའོ་རུང་། པེ་ཅིང་བོད་སྐྱོང་བོད་སྐྱོར་ལས་དོན་པའི་མཐུན་ཚོགས་ཀྱི་དྲུང་ཆེ་ཝང་ཅན། མི་རིགས་དཔེ་སྐྲུན་ཁང་བོད་ཡིག་གཞུང་ལས་ཁང་གི་ཀྲུའུ་རེན་རྟ་རྡོ། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླངས་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རེན་ཚེ་དགའ། ཀྲུང་དབྱང་མི་རིགས་སློབ་ཆེན་ལུས་རྩལ་སློབ་གླིང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་གེ་རེལ་ཐུའུ། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་སློབ་གླིང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་པའོ་ཡུང་ཀུའེ། ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པའི་འཁྲབ་སྟོན་པ་ངག་དབང་སོགས་ཡོད་པ་རེད།
          འགོ་ཚུགས་མཛད་སྒོའི་ཐོག རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཆོས་གྲགས་ལགས་ཀྱིས་འགོ་ཚུགས་གསུང་བཤད་གནང་སྟེ་ཐེངས་འདིའི་སྲོང་བཙན་སྐྱེས་བུམ་འགྲན་ཚོགས་ལ་བཅངས་པའི་རེ་བ་དང་སྨོན་འདུན་བརྗོད་ནས་འགྲན་ཚོགས་འདི་ཉིད་ཀྱི་དམིགས་ཡུལ་དང་དོན་སྙིང་གསལ་པོར་བསྟན་པ་རེད། ཁོང་གིས་གསུང་བཤད་ནང་འགྲན་ཞུགས་རུ་མི་ཚོས་སྙིང་རུས་ཆེན་པོ་བྱེད་དགོས་པ་དང་། རང་ཉིད་ཀྱི་རྩལ་ནུས་དང་ཀུན་སྤྱོད་བཟང་པོ། རང་གཤིས་ཉམས་འགྱུར་ངོམ་དགོས་པ་མ་ཟད། མཐུན་སྒྲིལ་དང་མཛའ་བརྩེ་ཡང་ཡོད་དགོས་པའི་དཔའ་ཤུགས་སྐྱེད་པར་བྱས་ཡོད་ལ། ཤན་འབྱེད་པ་ཚོར་དྲང་གཞག་དྲང་བདེན་ངང་འགྲན་བསྡུར་བདེ་བླག་ལེགས་གྲུབ་ཡོང་བའི་སྐུལ་མ་བཏང་ཡོད་པ་རེད། དེ་རྗེས། ཤན་འབྱེད་པའི་འཐུས་མི་དང་ལུས་རྩལ་པའི་འཐུས་མིས་མཛའ་བརྩེ་ཨང་དང་པོ་དང་འགྲན་བསྡུར་གཉིས་པ་བརྗོད་བྱར་གཞིགས་ཏེ་འགྲན་བསྡུར་འདྲ་མཉམ་དང་དྲང་གཞག་ཡོང་བའི་མནའ་ཚིག་བོར་བ་རེད། པར་ལེན་མཁན། འཆི་མེད་རབ་རྒྱལ། 
    【1】  【2】  【3】
    ཆོས་གྲགས་ལགས་ཀྱིས་འགོ་ཚུགས་མཛད་སྒོ་ཐོག་གསུང་བཤད་གནང་བ།
    ཆོས་གྲགས་ལགས་ཀྱིས་འགོ་ཚུགས་མཛད་སྒོ་ཐོག་གསུང་བཤད་གནང་བ།
    འགོ་ཚུགས་མཛད་སྒོར་ཞུགས་པའི་སློབ་གྲྭའི་རུ་ཁག་ཚོ།
    འགོ་ཚུགས་མཛད་སྒོར་ཞུགས་པའི་སློབ་གྲྭའི་རུ་ཁག་ཚོ།
      

    ཕྱོགས་བསྡུས་གསར་འགྱུར།