འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།>>རྒྱལ་སྤྱིའི་གསར་འགྱུར།

    ༄༅།།ཨ་རིའི་རྒྱལ་ཡོངས་ཀྱི་རྒྱ་ཡིག་ཚོགས་ཆེན་སྐབས་བཅུ་པ་དེ་ཤིའུ་སི་ཏུན་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་11ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཨ་རིའི་རྒྱལ་ཡོངས་ཀྱི་རྒྱ་ཡིག་ཚོགས་ཆེན་སྐབས་བཅུ་པ་དེ་ཤིའུ་སི་ཏུན་དུ་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ཁུང་ཙི་སློབ་གླིང་སྤྱི་ཁྱབ་པུའུ་དང་ཀྲུང་གོ་རྒྱལ་ཁབ་ཀྱི་རྒྱ་ཡིག་རྒྱལ་སྤྱིར་ཁྱབ་གདལ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཨ་རིའི་སློབ་ཆེན་ལས་འཛིན་ལྷན་ཚོགས་དང་ཨེ་ཤེ་ཡའི་མཐུན་ཚོགས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་ཨ་རིའི་རྒྱལ་ཡོངས་ཀྱི་རྒྱ་ཡིག་ཚོགས་ཆེན་སྐབས་བཅུ་པ་དེ་ཚེས་6ཉིན་ཨ་རིའི་ཏེ་ཁེ་ས་སི་ཀྲོའུ་ཡི་གྲོང་ཁྱེར་ཆེ་ཤོས་ཨང་དང་པོ་ཤིའུ་སི་ཏུན་དུ་འཚོགས་པ་རེད། ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོ་ནི“ལོ་བཅུའི་འཕེལ་རྒྱས། ཕྱར་བ་གྲུ་འདེགས”ཞེས་པ་དེ་ཡིན་ཞིང་། ཨ་རིའི་ཀྲོའུ་ཁག་དང་། དེ་བཞིན་དབྱིན་ཇི། ཁ་ན་ཏ་སོགས་རྒྱལ་ཁབ་ནས་ཡོང་བའི་སློབ་གསོའི་དཔོན་རིགས་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ཞའོ་ཀྲང་། རྒྱ་ཡིག་སློབ་ཁྲིད་ཐད་ཀྱི་རིགས་གཅིག་མཁས་ཅན་དང་དགེ་རྒན་སོགས་འཐུས་མི་1300ལྷག་ཙམ་ཚོགས་འདུར་ཞུགས་ཡོད་ཅིང་།
         འདི་ནི་ཟླ་4ཚེས་6ཉིན་ཨ་རིའི་ཏེ་ཁེ་ས་སི་ཀྲོའུ་ཤིའུ་སི་ཏུན་དུ་ཤིའུ་སི་ཏུན་གྱི་ཁེར་བཙུགས་སློབ་ཁུལ་ནས་ཡོང་བའི་སློབ་ཆུང་སློབ་མས་ཨ་རིའི་རྒྱལ་ཡོངས་ཀྱི་རྒྱ་ཡིག་ཚོགས་ཆེན་སྐབས་བཅུ་པའི་འགོ་འཛུགས་མཛད་སྒོའི་ཐོག་ཐང་རྒྱལ་རབས་ཀྱི་སྙན་ངག་《ཕན་ཚུན་དྲན་པ་》ཞེས་པ་གྱེར་དོན་བྱེད་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།