འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེན་ཅིན་གྲོང་ཁྱེར་གྱིས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་
    མཉམ་དུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་བསམ་འཆར་བཟོས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་11ཉིན། 12:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་9ཉིན། གསར་འགོད་པར་ཐེན་ཅིན་གྲོང་ཁྱེར་ཁྲོམ་ར་དང་སྤུས་ཚད་ལྟ་སྐུལ་དོ་དམ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཉམ་དུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་ཆེད། ཉེ་ཆར་ཐེན་ཅིན་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་《པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་མཉམ་དུ་འཕེལ་རྒྱས་གཏོང་བར་སྔར་བས་སྐུལ་མ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》བཟོས་ནས་ས་གནས་གསུམ་གྱི་ཁྲོམ་རའི་འཇུག་འཐུས་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ། སྤུས་ཚད་མཁོ་སྤྲོད། བཟའ་བཅའ་དང་སྨན་རྫས་བདེ་འཇགས་བཅས་མཐུན་སྦྱོར་དང་འཕེལ་རྒྱས་ཆེ་མོའི་ལམ་སྲོལ་ཆགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་རེད།
         བསམ་འཆར་གཞིར་བཟུང་། ཐེན་ཅིན་གྱིས་ཚོང་དོན་ལམ་ལུགས་སྒྱུར་བཅོས་མཉམ་ལས་གཏིང་ཟབ་བྱས་ཏེ་གཞི་གཅིག་ཅན་གྱི་ཁྲོམ་རའི་འཇུག་འཐུས་ཁོར་ཡུག་ཧུར་ཐག་གཏོད་རྒྱུ་རེད། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དབར་ཁེ་ལས་ཀྱི་ཐོ་འགོད་སྐར་ཁུང་འཛུགས་རེས་ལ་སྐུལ་འདེད་བཏང་ནས་པེ་ཅིང་དང་ཧོ་པེའི་ཁེ་ལས་ཐེན་ཅིན་དུ་སྤོ་བ་དང་ཐེན་ཅིན་གྱི་ཁེ་ལས་པེ་ཅིང་དང་ཧོ་པེར་ཐོ་འགོད་བྱེད་པའི་ཕྱོགས་གཉིས་ཀྱི་ཤར་བགྲོད་འགྲོ་ལམ་འཛུགས་པ་དང་། མིང་བྱང་དང་ཁེ་ལས་གནས་ཡུལ་ཐོ་འགོད་ཆ་རྐྱེན་དམའ་རུ་གཏོང་བ། ཁེ་ལས་ཚོགས་པའི་ཐོ་འགོད་བྱེད་སྟངས་ལ་སྒྱུར་བཅོས་བྱས་ནས་ས་གནས་གསུམ་གྱི་ཁེ་ལས་ཚོགས་པ་ཅན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་ཁེ་ལས་གནས་སྤོས་ལ་སྟབས་བདེ་སྐྲུན་པར་སྐུལ་མ་བཏང་སྟེ་ཁྲོམ་ར་དང་བསྟུན་ནས་ཁེར་རྐྱང་བཟོ་ཚོང་དུད་ཚང་ཧྲིལ་པོ་སྤོ་མཁན་ལ་ཐེངས་གཅིག་རང་བཞིན་གྱི་ཐོ་འགོད་སྟབས་བདེ་བསྐྲུན་ནས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་གནས་གསུམ་གྱིས་ངོས་འཛིན་ཁས་ལེན་བྱས་པའི་གྲགས་ཅན་ཚོང་རྟགས་དང“ཁེ་ལས་རྙིང་པས”ཁེ་ལས་ཀྱི་མིང་ཐོ་འགོད་སྐབས་ས་གནས་གསུམ་པོས་ས་ཁོངས་སྒྲོལ་བའི་ལས་རིགས་སྲུང་སྐྱོང་བྱེད་པ་དང་ས་གནས་གསུམ་པོའི་བརྡ་ཁྱབ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།