འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ནང་སོག་གིས“དྲ་སྦྲེལ+སྲིད་དོན་ཞབས་ཞུའི”ལས་དོན་ལ་སྐུལ་འདེད་གཏོང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་11ཉིན། 12:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་9ཉིན། ཆ་འཕྲིན་མཉམ་སྤྱོད་དང་ལས་སྒོ་མཉམ་སྒྲུབ་ལ་སྐུལ་འདེད་བཏང་ནས་སྒྲིག་སྲོལ་གསར་གཏོད་དང་སྲིད་གཞུང་གི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་ཆེད། ཉིན་ཤས་གོང་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་《“དྲ་སྦྲེལ+སྲིད་དོན་ཞབས་ཞུའི”ལས་དོན་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་པའི་སྐོར་གྱི་ལག་བསྟར་བསམ་འཆར་》(གཤམ་དུ་《བསམ་འཆར་》ཞེས་བསྡུ་རྒྱུ་)བཀྲམས་པ་རེད།
         《བསམ་འཆར་》ནང་བཏོན་པའི་དམིགས་ཚད་ལ་གཞིགས་ན། 2018ལོའི་ལོ་མཇུག་གོང་སྲིད་དོན་ཞབས་ཞུ་དང་སྲིད་དོན་གཞུང་ལས་ཐད་རང་སྐྱོང་ལྗོངས་དང་། མོང་། ཆི་(གྲོང་ཁྱེར་དང་ཆུས)བཅས་རིམ་པ་གསུམ་གྱིས་མཉམ་འགུལ་བྱས་ནས་ནང་སོག་རང་སྐྱོང་ལྗོངས་ཀྱི་རིམ་པ་དེ་གའི་སྲིད་དོན་གཞི་གྲངས་ཆེ་མོའི་ལྟེ་གནས་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་བྱ་རྒྱུ་རེད། གཞན་ཡང་2020ལོའི་ལོ་མཇུག་གོང་སྲིད་དོན་ཞབས་ཞུ་དྲ་སྦྲེལ་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ་སྤྱི་ཡོངས་ནས་མཉམ་འགུལ་དང་། སྡེ་ཚན་གྱིས་ཕན་ཚུན་མཉམ་སྒྲུབ། རང་སྐྱོང་ལྗོངས་ཀྱིས་སྤྱི་འདོམས། དྲ་ཚིགས་གཅིག་ནས་གཉེར་བ་བཅས་ཀྱི་ལྗོངས་ཡོངས་སུ་ཁྱབ་པའི“དྲ་སྦྲེལ+སྲིད་དོན་ཞབས་ཞུའི”མ་ལག་ཅིག་བསྐྲུན་རྒྱུ་ཡིན་པ་རེད།
         《བསམ་འཆར་》ནང་དྲ་བའི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དང་། དྲ་ཐོག་ཞབས་ཞུའི་དོན་ཚན་ཚད་ལྡན། སྲིད་དོན་ཞབས་ཞུའི་དྲ་ཐོག་དྲ་ཕྱི་གཞི་གཅིག་ཅན་གྱི་དོ་དམ་ལ་ཤུགས་སྣོན། རང་སྐྱོང་ལྗོངས་སྲིད་གཞུང་ཁོངས་གཏོགས་ཀྱི་གཞུང་སྒྲུབ་ལས་སྟེགས་བསྡུ་སྒྲིལ་བྱས་ཏེ་འཛུགས་དགོས་པ་སོགས་ཀྱི་ལས་འགན་གཙོ་བོ་ཁག་གཅིག་བཏོན་ཡོད་པ་མ་ཟད། ད་དུང་འཕྲིན་གཏོང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ས་གནས་དེ་གའི་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་འཆར་འགོད་ནང་བཅུག་སྟེ་ཆུས་བཙུགས་པའི་གྲོང་ཁྱེར་ཚང་མར་འོད་ཁྲིད་ཚི་སྐུད་དྲ་རྒྱ་ཁྱོན་ཡོངས་ནས་ཁྱབ་པར་བྱས་ཏེ་གྲོང་གསེབ་ཀྱི་འབྲོག་ཁུལ་སྲིད་འཛིན་གྲོང་ཚོ(ཀ་ཁྲ)ཡི་འོད་ཁྲིད་ཚི་སྐུད་སྦྲེལ་མཐུད་ལས་དོན་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱའང་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།