འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་བྱ་ཁྲུང་ཁྲུང་ཅི་དགར་འཕུར་། ཞི་མཐུན་མཉམ་གནས་རྣམ་པ་བཟང་།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་01ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལྷ་བྱ་ཁྲུང་ཁྲུང་ཅི་དགར་འཕུར་། ཞི་མཐུན་མཉམ་གནས་རྣམ་པ་བཟང་།
             ད་ཕན་ལོ་ཤས་རིང་། རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞིའང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལ་དམ་པོར་དམིགས་ཏེ་རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོབ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ལྗང་མདོག་འཕེལ་རྒྱས་དང་། འཁོར་སྐྱོད་འཕེལ་རྒྱས། ཐཱན་ཉུང་འཕེལ་རྒྱས་བཅས་ལ་རང་རྟོགས་ངང་སྐུལ་འདེད་བཏང་ཐོག་བོད་ཀྱི་རི་བོ་རྟག་ཏུ་སྔོ་ལྗང་དང་། ཆུ་མོ་རྒྱུན་དུ་དྭངས་བ། མཁའ་རླུང་རྒྱུན་དུ་གཙང་བ་བཅས་ཡོང་བའི་འགན་ལེན་བྱས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་རེད།
               མིག་སྔར། བོད་ཀྱི་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་འགྲོ་བ་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱས་ཏེ་སྲུང་སྐྱོབ་ཐོབ་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རིམ་བཞིན་མང་དུ་འགྲོ་བ་དང་དུས་མཚུངས་དུས་བྱ་སྣ་ཚོགས་དགུན་སྒྲོལ་བྱེད་པའི་དགའ་ཚལ་དུ་གྱུར་ཡོད། བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་གྲངས་གཞིར་གཞིགས་ན། དེང་སྐབས་བོད་འདི་ཉིད་གོ་ལ་ཧྲིལ་པོའི་ཁྲུང་ཁྲུང་མཇིང་ནག་དགུན་སྒྲོལ་བྱ་ཡུལ་ཆེ་ཤོས་སུ་གྱུར་བ་དང་ཁྲུང་ཁྲུང་མཇིང་ནག་གི་གྲངས་འབོར་དེ་སྔའི་2000ལྷག་ཙམ་ནས་ད་ཆའི་8000ལྷག་ཙམ་བར་འཕར་ཏེ་གོ་ལ་ཧྲིལ་པོའི་ཁྲུང་ཁྲུང་མཇིང་ནག་སྤྱི་འབོར་གྱི་80%ཡན་ཟིན་ཡོད།
    【1】  【2】
    ༄༅།།ལྷ་བྱ་ཁྲུང་ཁྲུང་ཅི་དགར་འཕུར་། ཞི་མཐུན་མཉམ་གནས་རྣམ་པ་བཟང་།
    ༄༅།།ལྷ་བྱ་ཁྲུང་ཁྲུང་ཅི་དགར་འཕུར་། ཞི་མཐུན་མཉམ་གནས་རྣམ་པ་བཟང་།
      

    ཕྱོགས་བསྡུས་གསར་འགྱུར།