འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་ཆུང་སློབ་མའི་སེམས་ཁོངས་ཀྱི་མཚོ་སྔོན་པོ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་01ཉིན། 15:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སློབ་ཆུང་སློབ་མའི་སེམས་ཁོངས་ཀྱི་མཚོ་སྔོན་པོ།
           མི་དམངས་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོར་བེད་སྤྱོད་དོ་དམ་ཅུས་དང་། གུང་གཞོན་ཚོགས་པའི་མཚོ་སྔོན་ཞིང་ཆེན་ཨུ་ལྷན། ན་ཆུང་གདོང་ལེན་རུ་ཁག་མཚོ་སྔོན་ཞིང་ཆེན་ལས་དོན་ཨུ་ལྷན་བཅས་ཀྱིས་མཉམ་དུ་སྤེལ་བའི"ང་ཚོས་མཚོ་སྔོན་པོ་སྲུང་སྐྱོང་གི་ལས་དོན་དངོས་སུ་སྒྲུབ་བྱེད་ཀྱི་ཡོད། རྒན་པས་གཞོན་པ་བསྐྱངས་ནས་ཆུ་གཙང་སྤྲིན་སྔོན་སྲུང་•ང་མཚོ་སྔོན་པོར་དགའ"ཞེས་པའི་ཞིང་ཆེན་ཡོངས་ཀྱི་ན་ཆུང་བྱིས་པའི་ཁོར་ཡུག་སྲུང་སྐྱོང་གི་མུ་འབྲེལ་བྱེད་སྒོ་སྤེལ་བ་རེད། བྱེད་སྒོའི་བརྗོད་བྱ་ནི་ན་ཆུང་བྱིས་པར་རང་ངོས་ནས་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་སློབ་སྦྱོང་བྱེད་པ་དང་། ཆུང་དུས་ནས་སྐྱེ་ཁམས་སྲུང་སྐྱོར་གི་འདུ་ཤེས་གསོ་སྐྱོང་བྱེད་པ་དེ་ཡིན་ཞིང་། "རྒན་པས་གཞོན་པ་སྐྱོང་བའི"རྣམ་པ་བརྒྱུད་ནས་ཁྱིམ་ཚང་གི་གཉེན་ཉེ་དང་སྤྱི་ཚོགས་ཀྱི་མང་ཚོགས་ཚོའི་སྣེ་ཁྲིད་དེ་མཛེས་པའི་མཚོ་སྔོན་དང་མཛེས་པའི་མཚོ་སྔོན་པོ་ལེགས་པོར་སྐྱོང་བར་ཞུགས་པ་ཡོད་པ་རེད།
         ན་ཆུང་བྱིས་པ་ཚོའི་འཇིག་རྟེན་ནི་ཁྲ་ལྷམ་ལྷམ་ཡིན་ལ། ཁོ་ཚོའི་མིག་ལམ་དུ་གྱུར་པ་ནི་སྒྱུ་འཕྲུལ་གྱི་རྣམ་པ་ལྡན་ཡོད་པ་རེད། ཤོག་ངོས་སུ་བྲིས་པའི་མཚོ་སྔོན་པོ་ཡང་དེ་འདྲའི་མཛེས་སྡུག་ལྡན་པ་ཞིག་ཡིན་པས། ང་རང་ཚོས་ན་ཆུང་བྱིས་པའི་མིག་ཆུང་དྭངས་མོ་བརྒྱུད་ནས་རྣམ་པ་མི་གཅིག་པའི་མཚོ་སྔོན་པོའི་མཛེས་ཉམས་ལ་རོལ་བར་བྱེད་ཐུབ། ཐེངས་འདིའི་བྱེད་སྒོ་ནང་གཙོ་བོ་མཚོ་སྔོན་པོ་བརྗོད་དོན་གྱི་པར་རིས་སྐོར་སྟོན་པ་དང་། ན་ཆུང་གདོང་ལེན་རུ་ཁག་གི་ཁོར་ཡུག་སྲུང་སྐྱོང་གི་བརྗོད་དོན་རུ་ཁག་ཚོགས་པ། ཁོར་ཡུག་སྲུང་སྐྱོང་མི་སྣ་སློབ་གྲྭར་སྐྱོད་པ། "མཛེས་པའི་མཚོ་སྔོན་•མཛེས་པའི་མཚོ་སྔོན་པོ"ཡི་པར་རིས་དང་རྩོམ་ཡིག་འགྲན་བསྡུར། ཉ་དང་བྱ་རིགས་བལྟ་བ། སྐྱེ་ཁམས་དབྱར་སྒར་སོགས་ཀྱི་ཚན་པ་དྲུག་འདུས་ཡོད་ཅིང་། བྱེད་སྒོ་སྤེལ་ཡུན་ནི་2016ལོའི་ཟླ་12པ་ནས་2017ལོའི་ཟླ་7པ་བར་དུ་ཡིན་པ་རེད།
    【1】  【2】  【3】  【4】
    ༄༅།།སློབ་ཆུང་སློབ་མའི་སེམས་ཁོངས་ཀྱི་མཚོ་སྔོན་པོ།
    ༄༅།།སློབ་ཆུང་སློབ་མའི་སེམས་ཁོངས་ཀྱི་མཚོ་སྔོན་པོ།
      

    ཕྱོགས་བསྡུས་གསར་འགྱུར།