འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་《གནས་རི་གནས་བཟང་བར་》ཞེས་པའི་བོད་ཀྱི་དེང་དུས་རས་བྲིས་
    ཟབ་ཚོན་སྒྱུ་རྩལ་འགྲེམས་སྟོན་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་01ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་ཀྱིས་《གནས་རི་གནས་བཟང་བར་》ཞེས་པའི་བོད་ཀྱི་དེང་དུས་རས་བྲིས་
ཟབ་ཚོན་སྒྱུ་རྩལ་འགྲེམས་སྟོན་གཉེར་བ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་27ཉིན། བོད་རང་སྐྱོང་ལྗོངས་མཛེས་རྩལ་པ་མཐུན་ཚོགས་ཀྱིས་གཙོ་གཉེར་བྱེད་པའི་《གནས་རི་གནས་བཟང་བར་》ཞེས་པའི་བོད་ཀྱི་དེང་དུས་རས་བྲིས་ཟབ་ཚོན་སྒྱུ་རྩལ་འགྲེམས་སྟོན་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་གཉེར་བ་དང་། འགྲེམས་སྟོན་དུ་ཁྱོན་བསྡོམས་བོད་ལྗོངས་ཀྱི་མཛེས་རྩལ་པའི་བརྩམས་ཆོས་ཕུལ་བྱུང་52འགྲེམས་སྟོན་བྱས་ཡོད་ཅིང་། འགྲེམས་སྟོན་འདི་ནི་ཟླ་4ཚེས་1ཉིན་བར་དུ་རྒྱུན་མཐུད་བྱ་རྒྱུ་རེད།
         ཐེངས་འདིའི་འགྲེམས་སྟོན་ནི་བོད་རང་སྐྱོང་ལྗོངས་མཛེས་རྩལ་པའི་མཐུན་ཚོགས་ཀྱིས་ལོ་གསུམ་རིང་གི་དུས་ཡུན་སྤྱད་དེ་བོད་ལྗོངས་ཀྱི་ཕུལ་བྱུང་མཛེས་རྩལ་པའི་གསར་བྲིས་རི་མོ་ཁག་ཅིག་བསྡུ་རུབ་བྱས་པ་རེད། བྱེད་སྒོ་སྤེལ་མཁན་ཕྱོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཐེངས་འདིའི་འགྲེམས་སྟོན་ནི་གསར་གཏོད་སྙིང་དོན་དུ་འཛིན་པ་སྟེ། སྲོལ་རྒྱུན་གྱི་རྨང་གཞིའི་ཐོག་དེང་རབས་མཛེས་རྩལ་རིག་པའི་མཛེས་དཔྱོད་རིན་ཐང་འཛུགས་སྤེལ་བྱས་ནས་རས་བྲིས་ཟབ་ཚོན་སྒྱུ་རྩལ་ལ་གསར་རྩོམ་ཁ་ཕྱོགས་གསར་གཏོད་བྱས་ཏེ་མི་སྔར་ལས་མང་བས་རས་བྲིས་ཟབ་ཚོན་ལ་དོ་ཁུར་བྱེད་པ་མ་ཟད། ཁྱད་ཆོས་ལྡན་པའི་རིག་གནས་འཛུགས་སྤེལ་དེར་ཞུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན་ལ། ལོ་ན་གཞོན་པ་སྔར་ལས་མང་བ་རས་བྲིས་ཟབ་ཚོན་སྒྱུ་རྩལ་གསར་གཏོད་ལ་ཞུགས་རྒྱུའི་བློ་སྒོ་ཕྱེ་སྟེ་བོད་ཀྱི་རིག་གནས་སྒྱུ་རྩལ་ལ་སྐྱེ་སྟོབས་གསར་པ་བསྣན་ནས་བོད་ལྗོངས་ཀྱི་མཛེས་རྩལ་བརྩམས་ཆོས་སྔར་ལས་མང་བ་རྒྱལ་ཡོངས་སུ་སྐྱོད་དུ་འཇུག་རྒྱུ་དང་། འཛམ་གླིང་དུ་སྐྱོད་དུ་འཇུག་རྒྱུ་ཡིན་ཞེས་བསྟན་པ་རེད།
         ཐེངས་འདིའི་འགྲེམས་སྟོན་དུ་ཞུགས་པའི་བརྩམས་ཆོས་ནི་གཙོ་བོ་བོད་ལྗོངས་ཀྱི་མཛེས་སྡུག་ལྡན་པའི་རི་ཀླུང་དང་མི་ཆོས་མཛེས་ལྗོངས་མཚོན་པ་ཡིན་ཞིང་། རི་མོ་བ་ཚོའི་དམིགས་ཡུལ་ནི་མི་ཚེའི་ལྟ་བ་བྱེ་བྲག་པ་དང་འཚོ་བའི་རྟོགས་པ་མཚོན་ཐབས་བྱེད་པ་དང་དུས་མཚུངས་སུ་དུས་རབས་གསར་པའི་བོད་ལྗོངས་མི་དམངས་ཀྱི་བསམ་པའི་རྣམ་པ་དང་འཚོ་བ་གསར་པ་མཚོན་ཐབས་བྱེད་ཆེད་རེད།
    ༄༅།།བོད་ལྗོངས་ཀྱིས་《གནས་རི་གནས་བཟང་བར་》ཞེས་པའི་བོད་ཀྱི་དེང་དུས་རས་བྲིས་
ཟབ་ཚོན་སྒྱུ་རྩལ་འགྲེམས་སྟོན་གཉེར་བ།
    ༄༅།།བོད་ལྗོངས་ཀྱིས་《གནས་རི་གནས་བཟང་བར་》ཞེས་པའི་བོད་ཀྱི་དེང་དུས་རས་བྲིས་
ཟབ་ཚོན་སྒྱུ་རྩལ་འགྲེམས་སྟོན་གཉེར་བ།
    ༄༅།།བོད་ལྗོངས་ཀྱིས་《གནས་རི་གནས་བཟང་བར་》ཞེས་པའི་བོད་ཀྱི་དེང་དུས་རས་བྲིས་
ཟབ་ཚོན་སྒྱུ་རྩལ་འགྲེམས་སྟོན་གཉེར་བ།
    ༄༅།།བོད་ལྗོངས་ཀྱིས་《གནས་རི་གནས་བཟང་བར་》ཞེས་པའི་བོད་ཀྱི་དེང་དུས་རས་བྲིས་
ཟབ་ཚོན་སྒྱུ་རྩལ་འགྲེམས་སྟོན་གཉེར་བ།
      

    ཕྱོགས་བསྡུས་གསར་འགྱུར།