འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཤར་རྒྱུད་ཀྱི་གོ་འཇོ་རྫོང་གིས་གཡང་དཀར་ལུག་གསོས་ནས་ཕྱུག་པོར་འགྱུར་བར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་06ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་ཤར་རྒྱུད་ཀྱི་གོ་འཇོ་རྫོང་གིས་གཡང་དཀར་ལུག་གསོས་ནས་ཕྱུག་པོར་འགྱུར་བར་བྱས་པ།
         མི་དམངས་དྲ་བའི་འཕྲིན། ངག་དབང་ལུག་ནི་མཚོ་བོད་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཕྱུགས་རིགས་ཤིག་ཡིན་ལ། དེའི་གཟུགས་ནི་སྤྱི་བཏང་གི་ལུག་ལས་སྟོབས་ཆེ་ཞིང་རིང་བ་ཡིན་པས། གསར་སྤེལ་གྱི་མི་མངོན་པའི་ཤུགས་དང་དཔལ་འབྱོར་རིན་ཐང་བཟང་པོ་ཡོད་པ་རེད། དུས་ཡུན་རིང་པོ་ནས་བཟུང་བོད་ལྗོངས་ཆབ་མདོ་གོ་འཇོ་རྫོང་འཕྲེད་རྒྱུག་རི་ཁུལ་དུ་ངག་དབང་ལུག་གསོ་སྤེལ་བྱེད་ཀྱི་ཡོད་ཅིང་། ཕྱི་ཡུལ་དུ་ཤེས་མཁན་ཉུང་ཉུང་རེད། 2015ལོར་གོ་འཇོ་རྫོང་གིས་མ་དངུལ་སྡེབ་སྒྲིག་བྱས་ཏེ་དབུལ་སྐྱོར་ཐོན་ལས་ལས་གཞི་གཉེར་འགོ་བཙུགས་ནས“ཀུང་སི་རྟེན་གཞི་དང་། མཉམ་ལས་ཁང་། ཞིང་དུད་བཅས་མཉམ་ལས”ཀྱི་ལས་གཉེར་བྱ་ཐབས་ལ་བརྟེན་ཏེ་བདེ་སྐྱིད་གྲོང་ཚོའི་གྲམ་ཁའི་གཞི་ཁྱོན་མུའུ་151གི་སྟེང་དུ་མ་དངུལ་སྒོར་ཁྲི་4200ལྷག་བཞག་པའི་ངག་དབང་ལུག་གསོ་སྤེལ་རྟེན་གཞི་བཙུགས་པ་མ་ཟད། ངག་དབང་ལུག་ལ་ས་བབ་སྲུང་སྐྱོང་མཚོན་རྟགས་རེ་ཞུའང་ཧུར་ཐག་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་སྣེ་འདྲེན་ཐོན་ལས་འཛུགས་སྐྲུན་བྱས་པ་རེད། གསོ་སྤེལ་རྟེན་གཞིའི་འགྲམ་གྱི་བདེ་སྐྱིད་གྲོང་ཚོར་ད་ལྟ་ཁྱིམ་དུད་20དང་མང་ཚོགས་54ཡོད་པ་དེ་དག་ནི་ལོ་ངོ་20ཡི་གོང་དུ་འདིར་གནས་སྤོ་བྱས་ནས་ཡོང་བ་ཡིན་ཞིང་། དེར་ཐོན་ཁུངས་སུ་གྱུར་པའི་ས་ཆ་དཀོན་པས། གྲོང་མི་ཚོའི་ཡོང་འབབ་འཕར་བའི་ཐབས་ལམ་ཉུང་བ་རེད། ངག་དབང་ལུག་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་བྱས་པ་དེས་དབུལ་ཕོངས་མང་ཚོགས་ལ་ཕྱུག་པོར་འགྱུར་བའི་རེ་བ་བསྩལ་ཡོད་པ་རེད།
    ༄༅།།བོད་ལྗོངས་ཤར་རྒྱུད་ཀྱི་གོ་འཇོ་རྫོང་གིས་གཡང་དཀར་ལུག་གསོས་ནས་ཕྱུག་པོར་འགྱུར་བར་བྱས་པ།
    ༄༅།།བོད་ལྗོངས་ཤར་རྒྱུད་ཀྱི་གོ་འཇོ་རྫོང་གིས་གཡང་དཀར་ལུག་གསོས་ནས་ཕྱུག་པོར་འགྱུར་བར་བྱས་པ།
    ༄༅།།བོད་ལྗོངས་ཤར་རྒྱུད་ཀྱི་གོ་འཇོ་རྫོང་གིས་གཡང་དཀར་ལུག་གསོས་ནས་ཕྱུག་པོར་འགྱུར་བར་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།