འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ནེ་གཞུང་ལམ་གྱི་བར་མཚམས་ཆད་པའི་ལམ་དུམ་ཚེས་9ཉིན་ནས་བཟུང་དུས་ཚོད་
    ཕྱེ་ནས་སྐྱོད་ཆོག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་11ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་9ཉིན། གསར་འགོད་པར་བོད་ལྗོངས་སྐྱིད་རོང་རྫོང་ནས་ཤེས་རྟོཌ་བྱུང་གསལ། དེ་གོང་རི་ཉིལ་ནས་བར་མཚམས་ཆད་པའི་ཀྲུང་ནེ་གཞུང་ལམ་གྱི་སྐྱིད་ར་ལམ་དུམ་K87འབར་གཏོར་ལས་དོན་ཚེས་7ཉིན་གྱི་ཆུ་ཚོད་18ཙམ་ལ་མཇུག་འགྲིལ་ཞིང་། གཞུང་ལམ་གཙང་སེལ་བྱས་རྗེས་འགྲིམ་འགྲུལ་སྡེ་ཚན་གྱིས་ཚེས་9ཉིན་ནས་བཟུང་ལམ་དུམ་དེར་དུས་ཚོད་ཕྱེ་ནས་རླངས་འཁོར་གཏོང་གི་ཡོད་པ་རེད།
         སྐྱིད་གྲོང་རྫོང་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བས་ཁ་པར་ནང་K87ལམ་དུམ་ལ་ཉིན་ལྟར་རླངས་འཁོར་གཏོང་ཆོག་པའི་དུས་ཚོད་ནི་ཆུ་ཚོད་12ནས་ཆུ་ཚོད་14དང་སྐར་མ་30བར་དང་ཆུ་ཚོད་18ནས་ཆུ་ཚོད་20བར་ཡིན། དེ་མིན་གྱི་དུས་ཚོད་ནང་གཞུང་ལམ་ཨར་ལས་སྡེ་ཚན་གྱིས་ལམ་དུམ་དེ་དག་གི་སྒྲོམ་སྐྱོར་སོགས་སྒྲིག་ཆས་ལ་ཉམས་གསོ་བརྟན་གཏོང་བྱ་རྒྱུ་རེད་ཅེས་བརྗོད།
        ས་གནས་དེ་གའི་འགྲིམ་འགྲུལ་སྡེ་ཚན་གྱིས་བོད་དུ་ཆར་ཤོད་ཀྱི་དུས་ཚིགས་རིམ་བཞིན་ཤར་བས་འགྲོ་སྐྱོད་བྱེད་མཁན་རླངས་འཁོར་གྱི་བདེ་འཇགས་འགན་ལེན་བྱ་ཆེད་ཆར་པ་ཆེན་པོ་བབ་པ་དང་རླུང་ཆེན་པོ་ལྡང་བའི་དུས་སུ་K87ལམ་དུམ་ལ་སྐབས་འཕྲལ་གྱི་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན་པས་ཕར་འགྲོ་ཚུར་འོང་བྱེད་མཁན་ཁ་ལོ་བས་ས་གནས་དེ་གའི་གནམ་གཤིས་དང་འགྲིམ་འགྲུལ་བཀག་སྡོམ་ཆ་འཕྲིན་ལ་དོ་སྣང་བྱ་རྒྱུའི་དྲན་སྐུལ་བྱས་པ་རེད།
         ཟླ་3ཚེས་26ཉིན་གྱི་ཆུ་ཚོད་19ཙམ་ལ་ཀྲུང་ནེ་གཞུང་ལམ་གྱི་སྐྱིད་ར་གཞུང་ལམ་K87ལམ་དུམ་རྒྱུད་དུ་རི་ཉིལ་ནས་ལམ་འགག་ཡོད། གཞུང་ལམ་ཤར་གཏོང་ཐུབ་རྗེས་གནོད་འཚེ་དེ་རིགས་སླར་ཡང་མི་ཐོན་པ་བྱ་ཆེད་སྐྱིད་གྲོང་རྫོང་དང་འབྲེལ་ཡོད་སྡེ་ཚན་གྱིས་ཟླ་3ཚེས་31ཉིན་གྱི་དགོང་མོ་ནས་བཟུང་རི་ཉིལ་ཆེ་བའི་ཁུལ་དུ་འབར་གཏོར་བྱས་པ་དང་འབྲེལ་ལམ་རྒྱུད་ཀྱི་གཞུང་ལམ་བཀག་སྡོམ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།