འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཧེ་ལུང་ཅང་གིས་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་གི་གཉེར་སྐྱོང་དབང་ཆའི་པར་གཞི་
    གསར་པའི“ལག་ཁྱེར་དང་པོ”སྤྲད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་11ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཉེ་དུས་ཧེ་ལུང་ཅང་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་གི་གཉེར་སྐྱོང་དབང་ཆའི་པར་གཞི་གསར་པའི་ལག་ཁྱེར་སྤྲད་ནས་ཧའར་པིན་གྲོང་ཁྱེར་ཨ་ཁྲེང་ཆུས་ཧུང་ཤིང་གྲོང་རྡལ་ཀྲེན་ཤིང་གྲོང་ཚོའི་ཞིང་པ་ལེའང་དབུན་དབྱིར་པར་གཞི་གསར་པའི“ལག་ཁྱེར་དང་པོ”དེ་རག་ཡོད། པར་གཞི་གསར་པའི་ལག་ཁྱེར་སྤྲད་པ་དེས་གྲོང་གསེབ་ས་ཞིང་གི་འགན་གཙང་འབྲེལ་བ་བརྟན་དུ་འགྲོ་རྒྱུ་དང་། ས་ཞིང་གཉེར་སྐྱོང་དབང་ཆའི་བརྒྱུད་ཤུག་ལ་སྐུལ་འདེད་གཏོང་རྒྱུ། གཞི་ཁྱོན་གཉེར་སྐྱོང་དང་འཚམ་པའི་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ལ་རོགས་རམ་བྱ་རྒྱུ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་སྤྲད་པའི་པར་གཞི་གསར་པའི་ལག་ཁྱེར་གྱིས་སྔོན་ཐོན་གྱི་ལག་རྩལ་བྱེད་ཐབས་སྤྱད་པ་དང་རྫུན་འགོག་མཚོན་རྟགས་དང་ས་དུམ་མཚོན་བྱེད་དཔེ་རིས་མང་དུ་བཏང་ནས་ས་ཞིང་གི་མུ་ཁའི་དབྱེ་མཚམས་གསལ་པོ་མེད་པ་དང་རྒྱ་ཁྱོན་གནད་འཁེལ་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཤིང་། དེ་དང་ཆབས་ཅིག་ལག་ཁྱེར་ཐོག་གི་རྩ་གཉིས་ཨང་རྟགས་བཤར་འབེབས་བྱས་ཚེ་ས་ཞིང་འགན་གཙང་ལེན་མཁན་གྱི་མིང་དང་། མུའུ་ཡི་གྲངས་འབོར། དབང་ཆ་གཏན་འཁེལ་གྱི་རྒྱ་ཁྱོན་སོགས་ཀྱི་ཆ་འཕྲིན་ཤེས་རྟོགས་ཐུབ། པར་གཞི་གསར་པའི་ལག་ཁྱེར་སྤྲད་པ་དེས་གྲོང་གསེབ་ཀྱི་ས་ཞིང་ཆ་འཕྲིན་ཅན་གྱི་དོ་དམ་མངོན་འགྱུར་བྱ་རྒྱུར་རོགས་རམ་བྱེད་ཐུབ།
      

    ཕྱོགས་བསྡུས་གསར་འགྱུར།