འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ལེའོ་ཉིང་གིས་དམར་པོ་རིའི་རིག་གནས་སྔོག་འདོན་དང་དར་སྤེལ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་11ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་9ཉིན། ལེའོ་ཉིང་གིས་ཁྲའོ་ཡང་གྲོང་ཁྱེར་ཉིའུ་ཧོ་ལེའང་གནའ་ཤུལ་རྟེན་རྫས་བཤམས་མཛོད་ཁང་དུ་དམར་པོ་རིའི་རིག་གནས་སྔོག་འདོན་དང་དར་སྤེལ་གྱི་བགྲོ་གླེང་ཚོགས་འདུ་འཚོགས་པ་དང་དུས་མཚུངས་《དམར་པོ་རིའི་རིག་གནས་ཀྱི་གཡང་ཊིའི་ཡོ་ཆས་》ཞེས་པའི་དམིགས་བསལ་སྦྲག་འཛིན་གོ་ལ་ཧྲིལ་པོར་ཐོག་མར་བཏོན་པའི་མཛད་སྒོ་དང་ལེའོ་ཉིང་ཞིང་ཆེན་གྱི་སྐབས་17པའི་སྦྲག་འཛིན་བསྡུ་རུབ་འགྲེམས་སྟོན་ཀྱང་བྱས་པ་རེད། 《དམར་པོ་རིའི་རིག་གནས་ཀྱི་གཡང་ཊིའི་ཡོ་ཆས་》ཀྱི་དམིགས་བསལ་སྦྲག་འཛིན་གསུམ་བཏོན་པའི་དམིགས་ཡུལ་ནི“དམར་པོ་རིའི་རིག་གནས”དར་སྤེལ་གཏོང་ཆེད་ཡིན་པ་རེད།
         དམར་པོ་རིའི་རིག་གནས་ནི་རང་རྒྱལ་བྱང་ཕྱོགས་ས་ཁུལ་གྱི་རྡོ་ཆས་གསར་པའི་དུས་རབས་ཀྱི་གནའ་རྫས་རྟོག་ཞིབ་རིག་པའི་རིག་གནས་གལ་ཆེན་ཞིག་ཡིན་ཞིང་། ནང་སོག་ཁྲེ་ཧྥུང་གྲོང་ཁྱེར་གྱི་དམར་པོ་རིའི་རྒྱབ་ཀྱི་གནའ་ཤུལ་ནས་རྙེད་སྟབས་མིང་དེ་ལྟར་ཐོགས་པ་ཞིག་རེད། དམར་པོ་རིའི་རིག་གནས་ལྕགས་རི་རིང་པོའི་ཕྱི་ནང་དང་རི་བོ་ཡན་ཧྲན་གྱི་ལྷོ་བྱང་དུ་ཁྱབ་པ་དང་། གཙོ་བོ་ལའོ་ཧ་ཧོ་གཙང་པོ་དང་ད་ལིང་ཧོ་གཙང་པོའི་རྒྱུག་ཁུལ་ནས་གཅིག་སྡུད་རྙེད་པ་རེད། མིག་སྔར་ཚོ་པ་དང་། དུར་ས། མཆོད་འབུལ། རྫ་ཆས་སོགས་གནའ་ཤུལ་སྣ་ཚོགས་ཆིག་སྟོང་ལྷག་ཙམ་རྙེད་པ་ནས་དེ་ནས་རྡོ་ཆས་དང་། རྫ་ཆས། དེ་བཞིན་གཡང་ཊི་སྤུས་ལེགས་ཀྱི་ཡོ་ཆས་ཀྱང་ཐོན་ཡོད།
         གནའ་རྫས་རྟོག་ཞིབ་ཀྱི་རིགས་གཅིག་མཁས་ཅན་གྱིས་ལེའོ་ཉིང་ཞིང་ཆེན་ཁྲའོ་ཡང་གྲོང་ཁྱེར་ཉིའུ་ཧོ་ལེའང་གནའ་ཤུལ་ནི་དམར་པོ་རིའི་རིག་གནས་ཁྱབ་སའི་ལྟེ་གནས་ཤིག་ཡིན་པ་དང་ད་བར་ལོ་ངོ་5000གི་ལོ་རྒྱུས་ལྡན་ཞིང་དེར“ཤར་ཕྱོགས་རིག་གནས་ཀྱི་སྐྱ་རེངས་གསར་པ”ཞེས་འབོད་ཀྱིན་ཡོད་ལ། དེ་ནི་ཀྲུང་ཧྭ་ཡི་ལོ་ངོ་ལྔ་སྟོང་གི་ཤེས་དཔལ་གྱི་མཚོན་བྱེད་ལྟ་བུ་ཞིག་རེད། ཉིའུ་ཧོ་ལེའང་དམར་པོ་རིའི་རིག་གནས་གནའ་ཤུལ་ནི་གཞི་ཁྱོན་ཧ་ཅང་ཆེ་བའི་ཡི་གེ་མ་བྱུང་གོང་དུས་སྐབས་ཀྱི་མཆོད་འབུལ་བྱེད་པའི་གནའ་ཤུལ་ཞིག་རེད། ཉིའུ་ཧོ་ལེའང་དམར་པོ་རིའི་རིག་གནས་གནའ་ཤུལ་ཚོགས་པ་དུས་རབས་20པའི་ལོ་རབས་80པའི་དུས་འགོར་ཤེས་རྟོགས་བྱུང་ཚུན་རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་མཁས་དབང་ཚོས་དོ་ཁུར་ཟབ་མོ་བྱེད་པ་དང་འབྲེལ། གནའ་རྫས་རྟོག་ཞིབ་རིག་པ་དང་། ལོ་རྒྱུས་རིག་པ། ཚད་ལྡན་ཡིག་ཆའི་རིག་པ། གཡང་ཊིའི་རིག་གནས་སོགས་ཁྱབ་ཁོངས་མང་པོ་ཞིག་གི་ཞིབ་འཇུག་བྱ་གཞིར་གྱུར་ཡོད།
         དམར་པོ་རིའི་གཡང་ཊིའི་ཡོ་ཆས་ནི་ཀྲུང་གོའི་རྡོ་ཆས་གསར་པའི་དུས་རབས་ཀྱི་དམར་པོ་རིའི་རིག་གནས་གནའ་ཤུལ་ནས་རྙེད་པའི་གཡང་ཊིའི་ཡོ་ཆས་རེད། དམར་པོ་རིའི་རིག་གནས་ཀྱི་གཡང་ཊིའི་ཡོ་ཆས་ཐོག་མར་ལེའོ་ཉིང་ཞིང་ཆེན་ལིང་ཡོན་གྲོང་ཁྱེར་དང་ཅན་ཕིང་རྫོང་གི་ས་མཚམས་ཉིའུ་ཧོ་ལེའང་གནའ་ཤུལ་ནས་རྙེད་པ་རེད། 1942ལོར་གནའ་རྫས་རྟོག་ཞིབ་ལས་དོན་པར་དེ་ནས་སྤྲིན་རིས་གཡང་ཊིའི་ཡོ་ཆས་ཤིག་རྙེད་པ་རེད། དེ་རྗེས་དམར་པོ་རིའི་རིག་གནས་ཀྱི་གནའ་ཤུལ་མང་པོ་ནས་གཡང་ཊིའི་ཡོ་ཆས་མང་དག་ཅིག་རྙེད་པའི་ནང་ཉིའུ་ཧོ་ལེའང་དང་། སན་ཀོན་ཏན་ཙེ། ཁ་ཙུའོ་རྫོང་གི་ཏུང་ཧྲན་ཙུའེ་སོགས་གནའ་ཤུལ་ནས་གནའ་རྫས་མང་ཤོས་ཐོན་ཡོད། ནང་སོག་གི་དབུང་ཀྲུང་ཐེ་ཆིའི་སན་ཤིང་ཐ་ལ་དང་། ཨའོ་ཧན་ཆིའི་ཏ་ཝ། ལེའོ་ཉིང་ཞིང་ཆེན་ཧྥུའུ་ཤིན་རྫོང་གི་ཧུའུ་ཐུའོ་གྲོག་རོང་སོགས་ནས་ཀྱང་གཡང་ཊིའི་ཡོ་ཆས་གཙོ་བོ་མི་ཉུང་བ་ཞིག་རྙེད་ཡོད། དམར་པོ་རིའི་རིག་གནས་གནའ་ཤུལ་ནས་ཐོན་པའི་གཡང་ཊིའི་ཡོ་ཆས་འབོར་ཆེན་ལས་མང་ཆེ་བ་ནི་སྲོག་ཆགས་ཀྱི་གཟུགས་དབྱིབས་བརྐོས་པའི་རྒྱན་ཆ་ཡིན་ལ་རིག་གནས་དེའི་ཁྱད་ཆོས་མངོན་གསལ་དོད་ཤོས་ཤིག་ཀྱང་རེད།
      

    ཕྱོགས་བསྡུས་གསར་འགྱུར།