འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱི་ལྕགས་ལམ་སྒྲོལ་བའི་ཟམ་སྒྲོམ་དང་པོ་ལེགས་གྲུབ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་11ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཅུས་བཅོ་བརྒྱད་ཚོགས་པའི་ཀུང་སི་གསུམ་པས་སྐྲུན་འགན་འཁུར་བའི་མཚོ་སྔོན་ཞིང་ཆེན་གྱི་ལྕགས་ལམ་སྒྲོལ་བའི་ཟམ་གདུང་དང་པོ་བཀའ་མ་ལོག་ནས་ཞའོ་ཤ་བར་གྱི་གཞུང་ལམ་དང་ལན་ཀྲོའུ་ནས་མཚོ་སྔོན་བར་གྱི་ལྕགས་ལམ་སྒྲོལ་བའི་ཟམ་པ་དེ་ཉེ་དུས་རིང་ཚད་སྨི་50དང་ལྗིད་ཚད་ཏུན་190ཡོད་པའི་འདེགས་སྒྲོམ་དང་པོ་སྒྲིག་ཟིན་པ་དེ་ཐོག་ནས་ཟམ་པ་དེ་འགག་རྩའི་ཨར་ལས་ཀྱི་དུས་མཚམས་སུ་སླེབས་པ་མཚོན་ཡོད།
         ཀྲུང་གོ་ལྕགས་ལམ་ཅུས་བཅོ་བརྒྱད་པའི་རྣམ་གྲངས་ཀྱི་འགན་ཁུར་བ་ཝང་ཞུའེ་ཁྲའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། བཀའ་མ་ལོག་ནས་ཞའོ་ཤ་བར་གྱི་གཞུང་ལམ་དེ་མཚོ་སྔོན་བཀའ་མ་ལོག་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་ནས་ཟི་ལིང་ཞའོ་ཤ་བར་ཡིན་པའི་ཁྲོད་ལན་ཀྲོའུ་ནས་མཚོ་སྔོན་བར་གྱི་ལྕགས་ལམ་སྒྲོལ་བའི་ཟམ་པའི་རིང་ཚད་ཧྲིལ་པོའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་རེད། ཟམ་པ་དེ་ལན་ཀྲོའུ་ནས་མཚོ་སྔོན་བར་གྱི་ལྕགས་ལམ་སྒྲོལ་བའི་གོང་འོག་ཉིས་བརྩེགས་ཡིན་པ་དང་ལམ་ངོས་ཐོག་ཁ་དགྱེས་རྣམ་པའི་རྒྱ་ཁྱོན་གཉིས་ལྡན་གྱི་ཟམ་ངོས་སྤྱད་པ་དེའི་ཞེང་ཚད་ཧྲིལ་པོར་སྨི་24.5དང་སྒྲོལ་ཚད་ཧྲིལ་པོར་སྨི་50ཡོད། སྒྲིག་སྦྱོར་རྣམ་པའི་ཨར་འདམ་གྱི་ཟམ་སྒྲོམ་10ལས་གྲུབ་པ་དེ་ནི་མིག་སྔར་རྒྱལ་ནང་དུ་མཐོང་དཀོན་པའི་ཉེན་ཁ་ཆེ་བ་དང་། དཀའ་ཚད་ཆེ་བ། ཚགས་དམ་པ། སྒྲོལ་ཚད་རིང་བ་བཅས་ཀྱི་སྔོན་བཟོས་ཟམ་སྒྲོམ་སྒྲིག་པའི་ལས་གྲྭ་ཞིག་རེད།
         བཀའ་མ་ལོག་ནས་ཞའོ་ཤ་བར་གྱི་གཞུང་ལམ་ལས་གྲྭའི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་118.25ཡོད་པ་དང་ལམ་ཐིག་དེ་རིམ་པ་དང་པོའི་གཞུང་ལམ་ཚད་གཞི་ལྟར་ཇུས་འགོད་བྱས་ནས་ཕྱོགས་གཉིས་ལ་རླངས་འཁོར་བཞི་སྒྲིག་སྐྱོད་ཆོག་པ་ཞིག་ཡོད། རྣམ་གྲངས་དེ་ནི་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་《ལིའུ་ཧྥན་རི་བོའི་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ཁུལ་གྱི་འགྲིམ་འགྲུལ་འཛུགས་སྐྲུན་གྱི་དབུལ་སྐྱོར་འཆར་འགོད་》ཀྱི་རྣམ་གྲངས་གལ་ཆེན་གྱི་གྲས་ཤིག་རེད་ལ་མཚོ་སྔོན་ཞིང་ཆེན་ཤར་རྒྱུད་གྲོང་ཁྱེར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་ཅིང་བོད་མྱུར་བགྲོད་གཞུང་ལམ་དང་། མཚོ་བོད་ལྕགས་ལམ། ལན་ཤིན་ལྕགས་ལམ་བཅས་ལས་བསྡུ་འགྲེམས་སྦྲེལ་མཐུད་ཆགས་ཏེ་རྒྱལ་ཁབ་ཀྱི་ཤར་ནུབ་ཕྱོགས་བསྡུས་སྐྱེལ་འདྲེན་དང“རྒྱུད་གཅིག་ལམ་གཅིག”གི་བགྲོད་ལམ་གལ་ཆེན་གྱི་ནུས་པ་ལྡན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།