འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོ་པེ་སྒྲིག་བཤེར་ཨུ་ལྷན་གྱིས་སྒྲིག་ལས་འགལ་ཏེ་གཞུང་འཁོར་བཀོད་སྒྲིག་དང་བེད་སྤྱོད་
    བྱས་པའི་དཔེ་མཚོན་གནད་དོན་ཁག་6བརྡ་ཁྱབ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་11ཉིན། 12:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་9ཉིན། ཧོ་པེ་ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱིས་སྒྲིག་ལས་འགལ་ཏེ་གཞུང་འཁོར་བཀོད་སྒྲིག་དང་བེད་སྤྱོད་བྱས་པའི་དཔེ་མཚོན་གནད་དོན་ཁག་6བརྡ་ཁྱབ་བཏང་ཞིང་། བརྡ་ཁྱབ་ནང་དུས་ཆེན་གྱི་གུང་གསེང་རིང་གཞུང་འཁོར་སྒེར་སྤྱོད་བྱེད་པའི་གནད་དོན་ཐོན་སླ་བ་དང་ཐོན་མང་བས་ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བརྡ་ཁྱབ་བཏང་བའི་དཔེ་མཚོན་གནད་དོན་ལ་བསླབ་བྱ་གཏིང་ཟབ་བླངས་ཏེ་གཅིག་ཤེས་ཀུན་གྲོལ་དང་བསླབ་བྱ་ཕྱི་འདོམས་སུ་བྱས་ཏེ་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་ལ་མིག་ལྟོས་བྱས་ཏེ་གཞུང་འཁོར་སྒེར་སྤྱོད་སོགས་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
         པོ་ཐོའུ་གྲོང་ཁྱེར་མི་སྤྱི་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་ཅན་ཆང་དང་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲང་ཝུན་ཏེ་ཡིས་གཞུང་འཁོར་ལ་དོ་དམ་བྱེད་པའི་འགན་འཁྲི་དོན་འཁྱོལ་མ་བྱས་པའི་གནད་དོན་ཐོན་པ་ཏེ། 2016ལོའི་ཟླ་4ཚེས་1ཉིན་ནས་ཟླ་9ཚེས་1ཉིན་བར། པོ་ཐོའུ་གྲོང་ཁྱེར་གྱི་མི་སྤྱི་ཅུས་སུ་ལས་དུས་མིན་པའི་སྐབས་གཞུང་འཁོར་སྒེར་སྤྱོད་ཀྱི་གནད་དོན་ལྷག་པ་དེ་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲང་ཝུན་ཏེ་ལ་ཐད་ཀར་འགན་འཁྲི་ཡོད་པ་དང་། ལས་བགོས་འགན་གཉེར་གྱི་ཅུས་ཀྲང་གཞོན་པ་ལིའུ་ཅན་ཆང་ལ་འགོ་ཁྲིད་གཙོ་བོའི་འགན་འཁྲི་ཡོད། 2016ལོའི་ཟླ་12པར་ཀྲང་ཝུན་ཏེ་ལ་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་པ་དང་ལིའུ་ཅན་ཆང་ལ་སྲིད་འཛིན་གྱི་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་པ་རེད།
         ལང་ཧྥང་གྲོང་ཁྱེར་ཀོང་དབྱང་ཆུས་འགྲིམ་འགྲུལ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲང་ཀྲེན་ཏུང་གིས་སྒྲིག་ལས་འགལ་ཏེ་རླངས་འཁོར་གཡར་བའི་གནད་དོན་ཐོན་པ་ཏེ། 2016ལོའི་ཟླ་2པ་ནས་2016ལོའི་ཟླ་8པ་བར། ཀྲང་ཀྲེན་ཏུང་གིས་ཀོང་དབྱང་ཆུས་འགྲིམ་འགྲུལ་ཅུས་དང་ལས་སྒོ་འགྲོ་འོང་ཡོད་པའི་ཁེ་ལས་ཀྱི་ཅིང་ལི་ཝང་ཆེ་གེ་མོར་རླངས་འཁོར་གཡར་ཏེ་ཡུན་རིང་བེད་སྤྱོད་གཏོང་དུ་བཅུག་པ་རེད། 2016ལོའི་ཟླ་12པར་ཀྲང་ཀྲེན་ཏུང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་པ་རེད།
         ཨན་ཕིང་རྫོང་བཟའ་བཅའ་དང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཏ་ཙི་ཝུན་ཡན་ལག་ཅུས་ཀྱི་ཅུས་ཀྲང་ཀུང་ཀྲུང་ཡུས་ཀྱིས་མི་སྒེར་གྱི་སྣུམ་རིན་རྩིས་ཞུ་བྱེད་པའི་གནད་དོན་ཐོན་པ་ཏེ། 2016ལོའི་ཟླ་1ནས་ཟླ་4པའི་བར། ཀུང་ཀྲུང་ཡུས་ཀྱིས་སྒེར་འཁོར་བཏང་ནས་ས་ཆ་གཞན་དུ་སྒེར་དོན་གཉེར་བར་ཕྱིན་པའི་སྣུམ་རིན་ཚན་པར་སྒྲིག་ལས་འགལ་ཏེ་རྩིས་ཞུ་བྱས་པ་དང་ཆབས་ཅིག ཏ་ཙི་ཝུན་ཡན་ལག་ཅུས་སུ་ད་དུང་རླངས་འཁོར་གྱི་སྣུམ་རིན་སྤ་སེའི་མིང་ནས་ཆུ་རིན་དང་གློག་རིན་རྩིས་ཞུ་བྱེད་པའི་གནད་དོན་ལྷག་ཡོད་པ་རེད། 2016ལོའི་ཟླ་12པར་ཀུང་ཀྲུང་ཡུས་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།