འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིན་ཅང་ཧོ་ཅིང་གིས་གེགས་སེལ་གཟན་ཆག་སྤྲད་ནས་ལུ་གུ་སྐྱེ་བསུའི་དུས་ཚིགས་སྒྲོལ་
    རོགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་11ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཤིན་ཅང་ཧོ་ཅིང་གིས་གེགས་སེལ་གཟན་ཆག་སྤྲད་ནས་ལུ་གུ་སྐྱེ་བསུའི་དུས་ཚིགས་སྒྲོལ་
རོགས་བྱས་པ།
         མི་དམངས་དྲ་བའི་འཕྲིན། ནང་སོག་རང་སྐྱོང་ཀྲོའུ་དང་ཅིང་རྫོང་པ་དབྱིན་པུའུ་ལུག་རྩྭ་ཐང་དུ་ནོར་ལུག་ལ་བེའུ་དང་ལུ་གུ་སྐྱེ་བསུའི་འགག་རྩའི་དུས་སུ་སླེབས་མོད། འོན་ཀྱང་ཉིན་ཤས་བསྟུད་མར་གངས་བབས་པས་རི་ཁུལ་གྱི་འབྲོག་པར་རྙོག་དྲ་མི་ཉུང་བ་ཞིག་འཕྲད་ཡོད། ཡུལ་དེའི་འབྲོག་ལས་སྡེ་ཚན་གྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཟླ་4པ་ཤར་ཚུན་གངས་བབས་པའི་རྐྱེན་གྱིས་ཡུལ་དེའི་ཕྱུགས་ཟོག་མགོ་གྲངས་5782ཤི་བའི་ནང་གསར་དུ་སྐྱེས་པའི་ཕྱུགས་ཕྲུག་མགོ་གྲངས་5690ཡོད། ལུ་གུ་སྐྱེ་བའི་དུས་ཚིགས་བདེ་བླག་ངང་སྒྲོལ་ཆེད། ཡུལ་དེའི་སྲིད་གཞུང་གིས་དུས་ཚོད་དམ་འཛིན་གྱིས་འབྲོག་པར་འཕྲལ་སྡོམ་གཟན་རྩྭ་སྤྲད་པ་དང་ཟླ་4ཚེས་9ཉིན་བར་གཟན་རྩྭ་ཆག་པ་ཁྲི་4ཙམ་དང་གཟན་ཆག་ཏུན་160ལྷག་ཙམ་སྤྲད་ཅིང་། འདི་ནི་ཟླ་4ཚེས་8ཉིན་ཤིན་ཅང་ཧོ་ཅིང་རྫོང་པ་དབྱིན་པུའུ་ལུག་གྲོང་རྡལ་སའེ་ཧན་ཐུའོ་ཧའེ་གྲོང་ཚོའི་འབྲོག་པས་སྲིད་གཞུང་གིས་སྤྲད་པའི་འཕྲལ་སྡོམ་གཟན་རྩྭ་རླངས་འཁོར་ནས་འབེབ་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།