འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུ་རུ་མེ་འཁོར་གཉིས་གདོང་ཐུག་བརྒྱབ་ནས་མི་50ལ་རྨས་སྐྱོན་ཕོག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་10ཉིན། 16:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཨུ་རུ་སུ་རུ་མེ་འཁོར་གཉིས་གདོང་ཐུག་བརྒྱབ་ནས་མི་50ལ་རྨས་སྐྱོན་ཕོག་པ།
          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་8ཉིན་གྱི་དགོང་མོར་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོའི་ནུབ་རྒྱུད་དུ་མེ་འཁོར་གཉིས་གདོང་ཐུག་བརྒྱབ་རྗེས་མེ་འཁོར་འཁོར་ལམ་ལྕགས་དང་བྲལ་བས། མི་50ལ་རྨས་སྐྱོན་ཕོག་ཡོད་པ་རེད།
         ཨུ་རུ་སུ་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་དྲ་ཚིགས་ནས་སྤེལ་བའི་གནས་འཕྲིན་ལྟར་ན། མོ་སི་ཁོའི་དུས་ཚོད་ཚེས་8ཉིན་གྱི་ཆུ་ཚོད་22དང་སྐར་མ་16ཐོག མོ་སོ་ཁོ་ནས་ཨུ་རུ་སུ་དཀར་པོར་སྐྱོད་པའི་མེ་འཁོར་ཞིག་འཕྲལ་མྱུར་ལམ་འགྲོ་བ་ཞིག་ལ་གཡོལ་ཐབས་བྱེད་སྐབས་ཁ་ལོ་བར་ཁ་ལོ་སྒྱུར་ནོར་ཤོར་ནས་མེ་འཁོར་གཞན་ཞིག་དང་གདོང་ཐུག་བརྒྱབ་པའི་དབང་གིས་མེ་འཁོར་གཉིས་ཀ་འཁོར་ལམ་ལས་བྲལ་བས། མི་50ལ་རྨས་སྐྱོན་བཟོས་ཡོད་པ་རེད།
       ཚེས་9ཉིན་ཨུ་རུ་སུའི་ཛ་དྲག་ཆེ་བའི་གནས་ཚུལ་པུའུ་ཡི་པུའུ་ཀྲང་ཕུའུ་ཆི་ཁོ་ཧྥུའུ་ཡིས་སྨྱན་སྦྱོར་ལས་ཁུངས་ལ་ཐེངས་འདིའི་མེ་འཁོར་གདོང་ཐུག་བརྒྱབ་པའི་དོན་རྐྱེན་ཁྲོད་དུ་བསྡོམས་པས་མི་12སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱ་དགོས་བྱུང་བ་དང་། དེ་དག་གི་ཁྲོད་དུ་མི་6ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད། ཨུ་རུ་སུའི་ཛ་དྲག་ཆེ་བའི་གནས་ཚུལ་པུའུ་ཡིས་མི་200ལྷག་མྱུར་སྐྱོབ་བྱེད་པར་མངགས་གཏོང་བྱས་ཡོད་ཅེས་བརྗོད་པ་རེད། 
    ༄༅།།ཨུ་རུ་སུ་རུ་མེ་འཁོར་གཉིས་གདོང་ཐུག་བརྒྱབ་ནས་མི་50ལ་རྨས་སྐྱོན་ཕོག་པ།
    ༄༅།།ཨུ་རུ་སུ་རུ་མེ་འཁོར་གཉིས་གདོང་ཐུག་བརྒྱབ་ནས་མི་50ལ་རྨས་སྐྱོན་ཕོག་པ།
    ༄༅།།ཨུ་རུ་སུ་རུ་མེ་འཁོར་གཉིས་གདོང་ཐུག་བརྒྱབ་ནས་མི་50ལ་རྨས་སྐྱོན་ཕོག་པ།
      

    ཕྱོགས་བསྡུས་གསར་འགྱུར།