འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་ཡོན་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་དང་སྐལ་བཟང་སྒྲོལ་དཀར་གཉིས་ཀྱིས་ཚོགས་ཐོག་
    གཏམ་བཤད་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་13ཉིན། 08:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཨུ་ཡོན་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་དང་སྐལ་བཟང་སྒྲོལ་དཀར་གཉིས་ཀྱིས་ཚོགས་ཐོག་
གཏམ་བཤད་སྤེལ་བ།
          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་11ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པས་མི་དམངས་ཚོགས་ཁང་ཆེན་མོར་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་པ་རེད། ཨུ་ཡོན་བཅུ་བཞིས་ཆབ་སྲིད་འཛུགས་སྐྱོང་དང་འཐབ་ཕྱོགས་གཅིག་གྱུར། སྲིད་གྲོས་ལས་དོན་བཅས་ལ་དམིགས་ནས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་ཚོགས་འདུར་ཕེབས་ཡོད་པ་རེད།
           གོང་ཚེས་ཉིན་གྱི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་། ལིན་ཝུན་དབྱི ཀྲང་ཆིང་ལི། ཁྲེན་ཡོན། ཝང་ཀྲེང་ཝུའེ། ཆི་ཤུས་ཁྲུན། ཝང་ཆན་མིན་བཅས་ཡིན་པ་དང་། ཚོགས་འདུའི་ལག་བསྟར་ཀྲུའུ་ཞི་ཁྲེན་ཡོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སུན་ཁྲུན་ལན་དང་དེ་བཞིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་ཚོགས་འདུར་ཕེབས་ནས་གཏམ་བཤད་གསན་པ་རེད།
          ཨུ་ཡོན་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོས་དུས་སྐབས་མི་འདྲ་བའི་ཆོས་ལུགས་ལ་དུས་རབས་ཀྱི་འཕེལ་རྒྱས་བླང་བྱ་དང་འཚམ་པ་བྱེད་དགོས་པའི་ལོ་རྒྱུས་ཀྱི་འོས་འགན་ཡོད་པ་དང་། དེ་བས་ལེགས་པའི་སྒོ་ནས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པ་དང་། ཆོས་སྲོལ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། འདུལ་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལས་འགལ་བའི་གནད་དོན་ལ་དོ་དམ་ནན་པོ་བྱེད་པ། བྱང་ཚད་མཐོ་བའི་དགེ་འདུན་པ་གསོ་སྐྱོང་དང་སྐྱེད་སྲིང་བྱ་རྒྱུར་གཙིགས་ཆེན་བཅས་བྱས་ཏེ་ཆོས་ལུགས་ལས་རིགས་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ཚོས་རྒྱལ་ཁབ་ཀྱི་འཕེལ་རྒྱས་བརྟན་ལྷིང་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད།
           ཨུ་ཡོན་སྐལ་བཟང་སྒྲོལ་དཀར་གྱིས་བོད་ལྗོངས་མེ་ཏོག་རྫོང་དུ་དམངས་ཕན་གྱི་སྲིད་ཇུས་རབ་དང་རིམ་པ་དང་དབུལ་སྐྱོར་གྱི་དོན་དངོས་རབ་དང་རིམ་པ་ལག་བསྟར་བྱས་པར་བརྟེན་ཡུལ་མི་ཚོས“མི་དམངས་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱ་རྒྱུ་དེ་ནི་གུང་ཁྲན་ཏང་གི་འབད་འཐབ་དམིགས་ཚད་ཡིན་པ”དེ་ཚོར་ཐུབ་པ་བྱུང་ཡོད། ལྷོ་པ་རིགས་ཀྱི་སྲིད་གྲོས་ཨུ་ཡོན་ཞིག་གི་ངོས་ནས་དམངས་ཆེད་དང་། དམངས་ཕན། དམངས་ཕྱུག་བཅས་ཀྱི་ལས་དོན་ཧུར་ཐག་བསྒྲུབས་ནས་མང་ཚོགས་རྣམས་འབྱོར་ཕྱུག་ལམ་བུའི་ཐོག་བསྐྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།