འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་དང་ཨུ་ཡོན་ཚོས་སློབ་ཞུགས་གོང་གི་སློབ་གསོར་ཤུགས་སྣོན་རྒྱག་དགོས་པའི་གྲོས་འགོ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་12ཉིན། 15:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། “སློབ་གསོའི་མ་ལག་ཧྲིལ་པོའི་ནང་སློབ་ཞུགས་གོང་གི་སློབ་གསོའི་སྤྱི་པའི་རང་བཞིན་ཆེ་ཤོས་ཡིན་མོད། འོན་ཀྱང་མིག་སྔར་རིམ་ཁག་སྲིད་གཞུང་གིས་སློབ་ཞུགས་གོང་གི་སློབ་གསོར་འགྲོ་གྲོན་གཏོང་ཤུགས་ད་དུང་ཅུང་ཞན་པོ་ཡིན་པས། སློབ་ཞུགས་གོང་གི་སློབ་གསོར་འགྲོ་གྲོན་གཏོང་ཤུགས་ཆེ་རུ་བཏང་ནས་བྱིས་པའི་སློབ་གསོར་དམ་འཛིན་ཡག་པོ་བྱེད་དགོས”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཧྲན་ཏུང་ཞིང་ཆེན་སློབ་གསོ་ཐིང་གི་ཐིང་ཀྲང་གཞོན་པ་ཀྲང་ཀྲེ་ཡུང་གིས་སྲིད་གཞུང་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་སྐབས་དེ་ལྟར་བརྗོད།
          རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། དབྱིང་ཚའེ་སློབ་གླིང་གི་ཏུང་ཧྲི་ཀྲང་དབྱང་ཝུན་གྱིས། མིག་ཟུང་སློབ་ཞུགས་གོང་གི་སློབ་གསོའི་ཁྲོད་ཀྱི་དགེ་རྒན་གནད་དོན་ལ་དེ་བས་བསྡིགས་དགོས། སློབ་ཞུགས་གོང་གི་སློབ་གསོའི་དགེ་རྒན་མ་འདང་བ་མ་ཟད་བྱང་ཚད་དམའ་པོ་ཡོད་པ་རེད། མིག་སྔར་རང་རྒྱལ་གྱི་བུ་བཅོལ་ཁང་གི་ཆེད་ཁྲིད་དགེ་རྒན་ཁྲི་205ཡོད་པ་དང་ཉུང་མཐར་ཡང་མི་ཁྲི་70ཉུང་དྲགས་ཡོད། “ཕྲུ་གུ་གཉིས་སྐྱེ་ཆོག་པའི”སྲིད་ཇུས་ལག་ལེན་བསྟར་བ་དང་བསྟུན་ནས་སློབ་ཞུགས་གོང་གི་སློབ་གསོའི་དགེ་རྒན་མི་འདང་བའི་གནད་དོན་ཚབས་ཇེ་ཆེར་འགྲོ་ངེས་རེད་ཅེས་བརྗོད།
          སློབ་ཞུགས་གོང་གི་སློབ་གསོའི་དགེ་རྒན་གྱི་གྲངས་འབོར་དང་སྤུས་ཚད་གཉིས་ཀར་དཀའ་ངལ་ཐུག་པར་དམིགས་ཏེ། ཕྱོགས་གཅིག་ནས་མཐོ་སློབ་ཀྱི་སློབ་ཞུགས་གོང་གི་སློབ་གསོའི་ཆེད་ལས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་དགོས་པ་དང་། ཕྱོགས་གཞན་ཞིག་ནས་སློབ་ཞུགས་གོང་གི་སློབ་གསོའི་དགེ་རྒན་གྱི་ལས་ཐོག་གསོ་སྦྱོང་ལ་སྣང་ཆེན་བྱས་ཏེ་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་དབྱང་ཝུན་གྱིས་གྲོས་འགྲོ་བཏོན་གནང་བ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།