འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།དམངས་སྤྱོད་ཐད་འཕུར་གནམ་གྲུའི་བོད་རིགས་ཁ་ལོ་བ་ཁག་དང་པོ་གསོ་སྦྱོང་བྱ་ཡུལ་སུའུ་
    ཀྲོའུ་གསོ་སྦྱོང་གནས་གཞིར་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་28ཉིན། 12:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།དམངས་སྤྱོད་ཐད་འཕུར་གནམ་གྲུའི་བོད་རིགས་ཁ་ལོ་བ་ཁག་དང་པོ་གསོ་སྦྱོང་བྱ་ཡུལ་སུའུ་
ཀྲོའུ་གསོ་སྦྱོང་གནས་གཞིར་བསྐྱོད་པ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་27ཉིན་ནི་བོད་ཀྱི་གནམ་ལོ་གསར་པའི་ཚེས་གཅིག་ཉིན་ཡིན་པ་དང་། བོད་ལྗོངས་ལྷ་ས་ནས་ཡོང་བའི་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་མཐོ་རིམ་སློབ་རིམ་གསུམ་པའི་སློབ་མ་སྐལ་བཟང་ཆོས་སྒྲོན་གྱིས་ཐག་རིང་ཕ་ཡུལ་ལ་ཁ་པར་བཏང་སྟེ་ཕ་མར་ལོ་གསར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། སྐལ་བཟང་ཆོས་སྒྲོན་དང་མཉམ་གཅིག་ཏུ་ཕ་མར་ཁ་པར་གཏོང་མཁན་སློབ་མ་བསྡོམས་པས་28ཡོད་པ་དང་། ཁོང་ཚོ་ཚང་མ་བོད་ལྗོངས་ནས་ཡོང་བའི་ཐད་འཕུར་གནམ་གྲུའི་ཁ་ལོ་བ་དང་གནམ་གྲུའི་འཕྲུལ་ཆས་ཉམས་གསོ་བདག་གཅེས་སློབ་མ་རེད།      གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། བོད་རིགས་སློབ་མ་28ནི་རྒྱལ་ཡོངས་ཀྱི་དམངས་སྤྱོད་ཐད་འཕུར་གནམ་གྲུའི་བོད་རིགས་ཁ་ལོ་བ་ཁག་དང་པོ་ཡིན་ཞིང་། དེ་ནི་ཁེ་ལས་ཀྱིས་སྲིད་གཞུང་དང་མཉམ་འབྲེལ་ཆེད་ལས་བྱ་གཞག་མཉམ་འབྲེལ་བྱས་པའི་ཆེད་དོན་བོད་སྐྱོར་ལས་གཞི་ཞིག་རེད། 
         ལིའུ་ཅེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། བོད་སྐྱོར་ལས་གཞི་ཡིན་པར་བརྟེན་སློབ་མ་ཚང་མ་ས་གནས་དེ་གའི་དབུལ་ཕོངས་སློབ་མ་ཡིན་པ་དང་། ནུའོ་ཨེར་ཀུན་སྤྱོད་མཁའ་སྐྱོད་འཕེལ་རྒྱས་ཚོགས་པ་དང་། ལྷ་ས་གྲོང་ཁྱེར་སྲིད་གཞུང་། སློབ་གསོ་སྡེ་ཁག་བཅས་ཀྱིས་སློབ་མའི་འདེམས་གསེས་ནན་པོ་བྱས་པ་སྟེ། གཟུགས་གཞིའི་ཐང་ཚད་ཉམས་སད་ཐེག་དགོས་པ་མ་ཟད། སྤྱོད་ཡོན་གཉིས་ལེགས་ཡིན་དགོས་པ་དེའང་ཉམས་ཞིབ་རྒྱུགས་ལེན་གྱི་ཚད་གཞི་གལ་ཆེན་ཞིག་རེད། ལོ་17ལ་སླེབས་པའི་སྐལ་བཟང་ཚེ་རིང་ནི་རིག་གནས་སྦྱངས་འབྲས་ཅུང་ཡག་པོ་ཡོད་པ་མ་ཟད། གཟུགས་གཞིའི་ཐང་ཚད་ཀྱང་ལེགས་པོ་ཡོད་པ་རེད། ཁོང་གིས"ངས་ཆུང་དུས་ནས་གནམ་སྔོན་པོར་འཕུར་ལྡིང་བྱས་ནས་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཆུ་ཐུར་ལྟ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ངས་གསོ་སྦྱོང་གནས་གཞི་ཡིས་གནང་བའི་གོ་སྐབས་འདི་ཅི་ནས་ཀྱང་འབྲས་མེད་དུ་མི་གཏོང་བར། སློབ་གྲྭ་ནས་སྦྱངས་འབྲས་ལེགས་པོས་སྔ་ཙམ་ཐོན་ཏེ་བོད་ལྗོངས་འཛུགས་སྐྲུན་གྱི་ཆེད་དུ་འབད་བརྩོན་ཆེན་པོ་བྱེད་ངེས་ཡིན་ཞེས"བརྗོད་པ་རེད། 
        གསོ་སྦྱོང་བྱེད་དུས་སློབ་མ་ཚོར་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་མེད་པར་བྱེད་ཆེད། གསོ་སྦྱོང་གནས་གཞི་ཡིས་ཁོང་ཚོའི་ལུགས་སྲོལ་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་ཀྱི་ཡོད་པ་མ་ཟད། ད་དུང་སློབ་གསེང་གི་དུས་ཚོད་སྤྱད་དེ་སུའུ་ཀྲོའུ་ཡི་གླིང་ཁ་དང་ལོ་རྒྱུས་ཀྱི་གནའ་ཤུལ་ལྟ་སྐོར་བྱེད་པར་ཁྲིད་དེ་ཁོང་ཚོའི་སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་དང་ལོ་རྒྱུས་ཀྱི་ཤེས་བྱ་ཕུན་སུམ་ཚོགས་སུ་གཏོང་བཞིན་ཡོད་པ་རེད། བོད་ཀྱི་ལོ་གསར་སྔོན་གྱི་ཉིན་ཤས་ལ། གསོ་སྦྱོང་གནས་གཞི་ཡིས་སློབ་མ་ཚོར་ལོ་གསར་ལ་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱེད་སྒོ་གྲ་སྒྲིག་བྱས་པ་རེད། 
         དགེ་རྒན་ལུའི་ཀོང་ཁྲུན་ནི་ནུའོ་ཨེར་ཀུན་སྤྱོད་མཁའ་སྐྱོད་འཕེལ་རྒྱས་ཚོགས་པའི་གསོ་སྦྱོང་གནས་གཞིའི་སློབ་མ་ཁག་དང་པོའི་སློབ་མ་ཞིག་ཡིན་ཞིང་། ཁོང་གིས་ཐད་འཕུར་གནམ་གྲུའི་ཁ་ལོ་བ་ཞིག་གསོ་སྐྱོང་བྱེད་པར་སྤྱིར་བཏང་དུ་ལོ་གཅིག་ཡས་མས་ཀྱི་དུས་ཚོད་སློབ་སྦྱོང་བྱས་རྗེས་ཁ་ལོ་བའི་ལག་ཁྱེར་ལེན་ཐུབ་ཀྱི་ཡོད་པ་དང་། བོད་ལྗོངས་ཀྱི་སློབ་མ་ཁག་འདིའི་ཁྲོད་ཀྱི་སློབ་མ་ཕུལ་བྱུང་ཅན་ཁ་ཤས་ཀྱིས་ད་ལོའི་ཟླ་བརྒྱད་པའི་ནང་ཁ་ལོ་བའི་ལག་ཁྱེར་བླངས་ནས་བོད་ལྗོངས་སུ་ཕྱིར་ལོག་རྒྱུ་རེད་ཅེས་ངོ་སྤྲོད་བྱས་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】
    ༄༅།།དམངས་སྤྱོད་ཐད་འཕུར་གནམ་གྲུའི་བོད་རིགས་ཁ་ལོ་བ་ཁག་དང་པོ་གསོ་སྦྱོང་བྱ་ཡུལ་སུའུ་
ཀྲོའུ་གསོ་སྦྱོང་གནས་གཞིར་བསྐྱོད་པ།
      

    ཕྱོགས་བསྡུས་གསར་འགྱུར།