འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཁམས་པའི་བརྙན་འཕྲིན་ཁང་གི་བོད་རབ་བྱུང་བཅུ་བདུན་པའི་མེ་མོ་བྱ་ལོའི་བརྙན་འཕྲིན་སྤྲོ་ཚོགས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་24ཉིན། 09:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཁམས་པའི་བརྙན་འཕྲིན་ཁང་གི་བོད་རབ་བྱུང་བཅུ་བདུན་པའི་མེ་མོ་བྱ་ལོའི་བརྙན་འཕྲིན་སྤྲོ་ཚོགས།
          མི་དམངས་དྲ་བའི་འཕྲིན། 2017ལོའི་ཟླ་2ཚེས་27ཉིན་ཏེ་བོད་པའི་ལོ་གསར་ཚེས་གཅིག་ཉིན་གྱི་ཆུ་ཚོད་9:00ཐོག་ཁམས་པའི་བརྙན་འཕྲིན་ནས་བོད་པའི་ལོ་གསར་གྱི་བརྙན་འཕྲིན་སྤྲོ་ཚོགས་《དགའ་སྐྱིད་ལོ་སར་》ཞེས་པ་ཐོག་མར་བསྟན་རྒྱུ་ཡིན་ཞིང་། རྒྱ་ཆེའི་གཟིགས་མོ་བ་ཚོར"རིག་གནས་ཀྱི་དགྱེས་སྟོན་ཆེན་མོ"ཞིག་ཕུལ་ནས་རྒྱལ་ཁབ་ཕྱི་ནང་གི་མི་རིགས་ཁག་གི་སྤུན་ཟླ་ཚོ་དང་མཉམ་དུ་བོད་ཀྱི་མེ་མོ་བྱ་ལོའི་གནམ་ལོ་གསར་ཚེས་ལ་རོལ་རྒྱུ་རེད།
         འདི་ག་བརྙན་འཕྲིན་ཁང་གིས་2017ལོའི་སྤྱི་ཟླ་2ཚེས་20ཉིན་འདི་ལོའི་ལོ་སར་གྱི་སྤྲོ་ཚོགས་ཁྲེང་ཏུའུ་གྲོང་ཁྱེར་དུ་ཕབ་སྐྲུན་ལེགས་འགྲུབ་བྱས་པ་རེད། ཁམས་པའི་བརྙན་འཕྲིན་ཁང་གིས་ཀྲུང་སྐར་ཨང་དགུ་པ་དང་ཀྲུང་སྐར་6Bསྲུང་སྐར་གཉིས་ནས་བརྒྱུད་གཏོང་བྱ་རྒྱུ་ཡིན་པ་དང་། དུས་མཚུངས་སུ་སྤྲོ་ཚོགས་དེ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་རྒྱ་ཡིག་རྒྱལ་སྤྱིའི་འཕྲིན་ལམ་དང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་འཕྲིན་ལམ། ཀྲུང་གོའི་དྲ་རྒྱ་བརྙན་འཕྲིན་ལས་ཁུངས། ཀྲུང་གོའི་རྒྱལ་སྤྱིའི་རྒྱང་སྒྲོག་ལས་ཁུངས། སི་ཁྲོན་བརྙན་འཕྲིན་ལས་ཁུངས་ཀྱི་རྒྱལ་སྤྱིའི་འཕྲིན་ལམ་བཅས་ཀྱིས་རྒྱལ་ཁབ་ཕྱི་ནང་ལ་བསྟན་རྒྱུ་རེད།
         དྲ་རྒྱ་སྤྱོད་མཁན་གྱིས་ད་དུང་ཁམས་པའི་བརྙན་འཕྲིན་ཁང་གི་གཞུང་ཕྱོགས་དྲ་བ་http://www.kangbatv.comདང་། ཁམས་པའི་བརྙན་འཕྲིན་ལས་ཁུངས་ཀྱི་འཕྲིན་ཕྲན་སྤྱི་སྟེགས། ཤམ་བྷ་ལའི་ཆ་འཕྲིན་APPམཁོ་མཁན་ཕྱོགས་བཅས་དང་དེ་བཞིན་ཀྲུང་གོའི་བོད་ལྗོངས་དྲ་བ་དང་། སི་ཁྲོན་དྲ་རྒྱའི་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་བཅས་ཀྱིས་དྲ་ཐོག་དུས་མཚུངས་སུ་ཐད་གཏོང་བྱ་རྒྱུ་རེད། ལག་ཁྱེར་ཁ་པར་སྤྱོད་མཁན་གྱིས་ཐད་གཏོང་འཁྲབ་ཚན་ལྟ་སྐབས་འཆར་ངོས་ཀྱི་རྩ་གཉིས་རྟགས་རིས་བཤེར་ལེན་བྱས་ནས་ཁམས་པའི་བརྙན་འཕྲིན་ལས་ཁུངས་གཞུང་ཕྱོགས་ཀྱི་འཕྲིན་ཕྲན་ཨང་གྲངས་ལ་དོ་སྣང་བྱས་ནས་འཁྲབ་ཚན་ཕན་ཚུན་སྐུལ་སྐྱེད་ལ་ཞུགས་ན་བསོད་བདེ་ཆེན་པོའི་བྱ་དགའ་ཐོབ་པའི་གོ་སྐབས་ཡོད་པ་རེད།
         བོད་པའི་ལོ་གསར་ནི་དུས་ཆེན་མང་པོའི་ཁྲོད་ཀྱི་གཟབ་རྒྱས་ཆེ་ཤོས་དང་དམངས་སྲོལ་གྱི་ཉམས་ཟབ་ཤོས་ལྡན་པའི་དུས་ཆེན་ཞིག་ཡིན། ད་ལོའི་ལོ་གསར་གྱི་སྤྲོ་ཚོགས་སུ་ཞིང་ལྗོངས་ལྔ་ཡི་བོད་རིགས་ས་ཁུལ་ཁག་ནས་ཕེབས་པའི་འཁྲབ་སྟོན་པ་400ལྷག་ཙམ་ཞུགས་ཡོད་ལ། ས་གནས་ཁག་གི་བོད་རིགས་མང་ཚོགས་ཀྱི་འཐུས་ཚབ་ཚོས་གཅིག་རྗེས་གཉིས་མཐུད་དུ་སྤྲོ་ཚོགས་ཀྱི་གར་སྟེགས་སུ་འཛེགས་ཏེ་ཁོང་ཚོའི་ངོ་མཚར་ཆེ་བའི་འཁྲབ་སྟོན་འབུལ་བ་དང་དུས་མཚུངས་སུ་རྒྱ་ཆེའི་བརྙན་འཕྲིན་གཟིགས་མོ་བ་རྣམས་ལ་ལོ་གསར་གྱི་སྨོན་འདུན་ཡང་འབུལ་རྒྱུ་རེད། ཁམས་པའི་བརྙན་འཕྲིན་ཁང་གིས་ད་དུང་བོད་ཁུལ་ས་གནས་ཁག་གི་སྔོན་ཐོན་ལས་སྒྲུབ་པའི་འཐུས་ཚབ་ལོ་གསར་སྤྲོ་ཚོགས་འདུར་གདན་འདྲེན་ཞུས་ཏེ་བོད་ཁུལ་གྱི་མང་ཚོགས་དང་མཉམ་དུ་གནམ་ལོ་གསར་ཚེས་ཀྱི་དགའ་སྐྱིད་མཉམ་རོལ་བྱ་རྒྱུ་རེད།
          སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་དང་རྔ་བ་དང་། ཡུན་ནན་ཞིང་ཆེན་གྱི་བདེ་ཆེན། བོད་ལྗོངས་ཀྱི་ལྷ་ས་དང་ཆབ་མདོ། མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་སོགས་ས་ཁུལ་དྲུག་ནས་ཕེབས་པའི་མདོ་འཛིན་པ་ཚོས་ཐེངས་དང་པོར་མཉམ་དུ་ལོ་གསར་གྱི་སྤྲོ་ཚོགས་གར་སྟེགས་སུ་བོད་རིགས་ས་ཁུལ་ཁག་གི་མང་ཚོགས་ལ་གནམ་ལོ་གསར་ཚེས་ཀྱི་སྨོན་འདུན་འབུལ་རྒྱུ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】
    ༄༅།།ཁམས་པའི་བརྙན་འཕྲིན་ཁང་གི་བོད་རབ་བྱུང་བཅུ་བདུན་པའི་མེ་མོ་བྱ་ལོའི་བརྙན་འཕྲིན་སྤྲོ་ཚོགས།
    ༄༅།།ཁམས་པའི་བརྙན་འཕྲིན་ཁང་གི་བོད་རབ་བྱུང་བཅུ་བདུན་པའི་མེ་མོ་བྱ་ལོའི་བརྙན་འཕྲིན་སྤྲོ་ཚོགས།
      

    ཕྱོགས་བསྡུས་གསར་འགྱུར།