འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།དྲན་པ་མྱུར་བའི་གཙོད་དང་འཕྲད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་02ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།དྲན་པ་མྱུར་བའི་གཙོད་དང་འཕྲད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་10ཉིན། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཨ་ཆེན་གངས་རྒྱབ་ཀྱི་ཁོངས་སུ་མཛེས་སྡུག་ལྡན་ཤིང་ལྡེམ་མྱུར་འཁྱུག་པའི་གཙོད་བཅུ་ཙམ་པར་ལེན་མཁན་གྱི་པར་ཆས་ཀྱི་ཤེལ་སྒོའི་ནང་འཆར་ཞིང་། ཁོང་ཚོ་དགའ་སྤྲོ་ངང་ཟས་རིགས་འཚོལ་བཞིན་མཆོང་རྒྱུག་བྱེད་བཞིན་ཡོད་པ་དང་། མཛེས་ཉམས་ལྡན་པའི་རྒྱང་མཐོང་གཟུགས་བརྙན་དེ་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་རི་མོའི་རྒྱན་བཀོད་པ་དང་མཚུངས་པས། མི་མེད་ལུང་སྟོང་ལ་ཚེ་སྲོག་གི་གསོན་ཉམས་བསྩལ་བ་རེད། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་རྒྱུད་དུ་གནས་ཤིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི་450ཡོད་པ་དང་། དེ་ནི་ཀྲུང་གོས་འཛུགས་སྐྲུན་བྱས་པའི་རྒྱ་ཁྱོན་ཆེ་ཤོས་དང་། རྒྱ་མཚོའི་ངོས་ལས་མཐོ་ཤོས། རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་བཅས་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན་ཞིང་། དེར་“རི་སྐྱེས་སྲོག་ཆགས་ཀྱི་རྒྱལ་ཁབ་”ཅེས་འབོད་ཀྱི་ཡོད་ལ། གཙོ་བོར་གཙོད་དང་། འབྲོང་། རྐྱང་བཅས་སྲུང་སྐྱོང་བྱེད་ཀྱི་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】
    ༄༅།།དྲན་པ་མྱུར་བའི་གཙོད་དང་འཕྲད་པ།
    ༄༅།།དྲན་པ་མྱུར་བའི་གཙོད་དང་འཕྲད་པ།
    ༄༅།།དྲན་པ་མྱུར་བའི་གཙོད་དང་འཕྲད་པ།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།