འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།“སྲིད་གཞུང་ལ་དཀའ་རྙོག་མེད་དུས་མང་ཚོགས་ལ་རྙོག་དྲ་ལྷག་པར་ཆེ”

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་12ཉིན། 16:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          “སྲིད་གཞུང་ལ་དཀའ་རྙོག་མེད་དུས་མང་ཚོགས་ལ་རྙོག་དྲ་ལྷག་པར་ཆེ”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲེ་ཅང་ཡོན་ལི་ལྕགས་རིགས་བཟོས་རྫས་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཡེ་ཤིན་ཧྭ་ཡིས་གསུངས།
          “བཅའ་ཁྲིམས་ནི་ཡིག་འཁོད་ཀྱི་ཀུན་སྤྱོད་དང་ཀུན་སྤྱོད་ནི་ནང་སེམས་ཀྱི་བཅའ་ཁྲིམས་རེད”ཅེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུང་གོའི་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧྥན་ལུའུ་ཧྲེང་གིས་གསུངས།
          “རྙིང་པ་དེ་དག་དང་ལམ་ལུགས་རྙིང་པ་མེད་པ་མ་བཟོས་ན་ཚད་བརྒལ་ཡོང་མི་ཐུབ”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧོ་པེ་ཞིང་ཆེན་གཞུང་རྒྱུ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཁྲང་གིས་གསུངས།
         “དཔལ་འབྱོར་འཕར་གཞི་གང་དུ་གནས་པ་དེར་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་གནས་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧའར་པིན་གྲོང་ཁྱེར་གྱི་ཧྲི་ཀྲང་སུང་ཤིས་པིན་གྱིས་གསུངས།
         “ཁེ་ཕན་ལ་གཡོ་འགུལ་གཏོང་བ་དེ་བླ་སྲོག་ལ་གཡོ་འགུལ་གཏོང་བ་ལས་དཀའ”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྐམ་དམག་ལུའེ་ག་གེ་མོ་ཞིག་གི་ཆབ་སྲིད་ཨུ་ཡོན་ཝང་པོ་ཡིས་གསུངས།
         “ཏང་དང་སྲིད་གཞུང་གི་ལས་དོན་སྒྲུབ་མཚམས་གང་དུ་སླེབས་པ་དེར་དམངས་གཙོའི་ལས་དོན་དེ་མཚུངས་ཀྱིས་སྣུར་བསྲིང་བྱེད་དགོས”ཞེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མ་ཏེ་ཤིའུ་ཡིས་གསུངས།
         “ཁེ་ལས་དེ་དབུལ་སྒྲོལ་འགག་སྒྲོལ་ནང་ཞུགས་པ་ནི་དུད་ཚང་དབུལ་པོར་རོགས་རམ་བྱེད་པ་ཞིག་ཡིན་ལ་རང་ཉིད་ཕྱོགས་སྒྱུར་ཐུབ་རྒྱུར་རོགས་རམ་བྱེད་པ་ཞིག་ཀྱང་ཡིན”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀུའེ་ཀྲོའུ་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཞེ་ཆང་གིས་གསུངས།
         “སྤྱི་ཚོགས་ཧྲིལ་པོས་ཐུན་མོང་ཐོག་ཁས་ལེན་པ་མ་ཟད་བརྟན་སྲུང་བྱེད་པའི་ལྟེ་བའི་རིན་ཐང་ལྟ་བ་ཞིག་མེད་ཚེ་རིན་ཐང་ལྟ་བ་སྟོང་པར་གྱུར་ནས་ནོར་འཁྲུལ་གྱི་བསམ་བློའི་འདུ་ཤེས་དེ་སྐབས་དང་བསྟུན་ནས་ཐོན་སྲིད”ཅེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དམངས་གཙོ་ཡར་སྐུལ་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་ཀྲུའུ་ཡུང་ཤིན་གྱིས་གསུངས།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།