འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོང་ར་རུ་ལོ་གསར་གྱི་རྣམ་པ་ཁེངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་27ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཚོང་ར་རུ་ལོ་གསར་གྱི་རྣམ་པ་ཁེངས་པ།
         མི་དམངས་དྲ་བའི་འཕྲིན། ལོ་གསར་གྱི་ཉེར་མཁོ་ཚོང་རར་མང་ཚོགས་རྣམས་འཚང་ཁ་ཆེ་ཡང་། ཚོང་ཟོག་ལྟ་བས་མི་ཁོམ་པའི་ཚོང་རའི་གསེབ་ཏུ་དངོས་ཟོག་ཉོ་མཁན་ཚོས་ཁྱིམ་མི་དང་ལྷན་དུ་དགའ་སྤྲོ་ཡིས་ཁེངས་ཤིང་། ཁྱིམ་མི་རྒན་པ་ཚོས་ལོ་གསར་གྱི་ཉེར་མཁོའི་ཚོང་ཟོག་ལ་ཡིད་ཚིམ་བློ་བབ་ཅིང་བྱིས་པ་ཚོ་ནི་དེ་བས་ཀྱང་དགའ་སྤྲོས་ཁེངས་བཞིན་ཡོད། 
         སྤུས་དག་མཚར་སྡུག་གཡང་འབོའི་ཕྱེ་མ་རུ་ནས་ཀྱི་མྱུ་གུ་ལྗང་མདོག་འཚེར་བས་མི་རྣམས་ལ་སྤྲོ་བ་སྟེར་བ་དང་། ཁ་ཟས་ནི་རིགས་མང་འདྲ་མིན་སྣ་ཚོགས་བཤམས་ཡོད་པས། ལོ་གསར་གྱི་ཉེར་མཁོ་ཉོ་མཁན་ཚོས་ཚོང་ར་དང་ཁྲོམ་གསེབ་རུ་འཚང་ཁ་ཤིག་ཤིག་ངང་ཚོང་ཟོག་སྣ་ཚོགས་འདེམས་ཉོ་གནང་ཞིང་། ཚོང་པ་དང་ཉོ་མཁན་གཉིས་ཀའི་གདོང་ལ་འཛུམ་མདངས་རབ་ཏུ་རྒྱས་བཞིན་ཡོད་པ་རེད།
         དགོད་སྒྲ་དང་ཁ་བརྡ་བྱེད་པའི་སྐད་ཆ། སྟར་སྒྲིག་པའི་སྒྲ།  དེ་བཞིན་མི་ཤུགས་རྐང་འཁོར་འཁོར་གསུམ་མའི་དྲིལ་སྒྲ་སོགས་མཉམ་གཅིག་ཏུ་འདྲེས་ཤིང་ཡོ་ལང་ཧ་ཅང་ཆེ་ཡང་། ཚོང་ཟོག་འཚོང་མཁན་དང་ཉོ་མཁན་སུ་ཡིན་ནའང་འདྲ། གདོང་ལ་འཛུམ་གྱིས་རྒྱས་ཤིང་དལ་ལྷོད་རན་པའི་ངང་ཉོ་འཚོང་བྱེད་བཞིན་དུ་འདུ་ལོང་ཆེ་བའི་སྣང་ཚུལ་འདི་ཉམས་སུ་མྱོང་བ་སྟེ། འདི་ནི་ལོ་གསར་ཉེར་མཁོ་ཚོང་རའི་མཉམ་སྒྲོག་རོལ་དབྱངས་ཡིན་ལ། འདི་ནི་མི་ཚང་མའི་སེམས་ཁོང་གི་ལོ་གསར་གྱི་རྣམ་པའང་ཡིན་པའི་རྐྱེན་གྱིས་རེད། 
    ༄༅།།ཚོང་ར་རུ་ལོ་གསར་གྱི་རྣམ་པ་ཁེངས་པ།
    ༄༅།།ཚོང་ར་རུ་ལོ་གསར་གྱི་རྣམ་པ་ཁེངས་པ།
    ༄༅།།ཚོང་ར་རུ་ལོ་གསར་གྱི་རྣམ་པ་ཁེངས་པ།
    ༄༅།།ཚོང་ར་རུ་ལོ་གསར་གྱི་རྣམ་པ་ཁེངས་པ།
    ༄༅།།ཚོང་ར་རུ་ལོ་གསར་གྱི་རྣམ་པ་ཁེངས་པ།
    ༄༅།།ཚོང་ར་རུ་ལོ་གསར་གྱི་རྣམ་པ་ཁེངས་པ།
      

    ཕྱོགས་བསྡུས་གསར་འགྱུར།