མི་དམངས་དྲ་བ།

༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པས་ཚང་འཛོམས་གྲོས་ཚོགས་
ཐེངས་གསུམ་པ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་12ཉིན། 16:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་10ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པས་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཤིང་། ཨུ་ཡོན་14ཡིས་སྤྱི་ཚོགས་འཛུགས་སྐྲུན་དང་རིག་གནས་འཛུགས་སྐྱོང་ལ་དམིགས་ནས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་ཚོགས་འདུར་ཞུགས་པ་རེད།
          ཚེས་10ཉིན་གྱི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཧན་ཆི་ཏེ་དང་། དབན་ཀང་། ཧོ་ཧོའུ་ཧྭ། ལུའུ་ཀྲན་ཀུང་། ཝང་ཅ་རུའེ། ཁྲེན་ཞའོ་ཀོང་། མཱ་ཕེ་ཧྭ་བཅས་ཡིན་པ་དང་ཚོགས་འདུ་ཁྲེན་ཞའོ་ཀོང་གིས་གཙོ་སྐྱོང་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཆི་པའོ་དང་། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་གཏམ་བཤད་གསན་པར་ཕེབས་པ་རེད།
          ཨུ་ཡོན་ཀའོ་ཧུང་པོ་ཡིས་རིག་རྩལ་ལས་རིགས་ཀྱི་ཚབ་ཞུས་ནས་གཏམ་བཤད་སྤེལ་ཞིང་། ཁོང་གིས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། དུས་རབས་ཀྱི་ཕུལ་བྱུང་གཏོད་པ། མི་རིགས་ཀྱི་སྙིང་སྟོབས་འཕེལ་བ་བཅས་བྱེད་པར་རིག་རྩལ་ལས་དོན་པས་འགན་འཁྲི་ཕྲག་ཐོག་ཏུ་འཁུར་དགོས། དེར་བརྟེན་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྤྱད་དེ་རིག་རྩལ་གསར་རྩོམ་ལ་ཁྲིད་སྟོན་བྱེད་པ་དང་། རིག་རྩལ་གསར་རྩོམ་གྱི་འདུ་འགོད་ཆེ་གྲས་ལག་བསྟར་བྱེད་པ། སྲིད་ཇུས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། རིག་རྩལ་ལས་དོན་པས་རླབས་ཆེན་གྱི་མི་རིགས་དང་རླབས་ཆེན་གྱི་དུས་རབས་ལ་ངོ་གནོང་མི་དགོས་པའི་དུས་རབས་ཀྱི་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་བྱ་རྒྱུའི་སྐུལ་མ་གཏོང་བ་བཅས་བྱེད་དགོས་ཞེས་བཤད་པ་རེད།
         ཨུ་ཡོན་ཀྲུའུ་ཀྲོན་ཤིང་གིས་རང་རྒྱལ་དུ་རུལ་རྒོལ་འཐབ་རྩོད་ཀྱི་རྣམ་གནོན་གྱི་རྣམ་པ་ཆགས་ཟིན་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་མོད། འོན་ཀྱང་སྔར་བཞིན་ལས་འགན་ལྕི་ལ་ལམ་ཐག་རིང་པོ་ཡོད། དེར་བརྟེན་སྤྱོད་གཙང་གི་ཁྱིམ་སྲོལ་བརྟན་སྲུང་བྱས་ཏེ“སྔོན་འགོག་ཁབ”ཡག་པོ་རྒྱག་པ་དང་། སྲིད་གཙང་གི་བྱ་སྤྱོད་ཡང་ཡང་སྤེལ་བ། ཐག་པ་གཅིག་ཏུ་སྒྲིལ་བ་ལྟ་བུ་བཅས་བྱས་ནས་ཁྱིམ་ཚང་རུལ་འགོག་གི“འགོག་རགས”བརྟན་དུ་གཏོང་དགོས་ཞེས་བཏོན་པ་རེད།
         ཨུ་ཡོན་ལིའུ་ཁྲང་ལེ་ཡིས་སྤྱི་དམངས་ཀྱི་བྱང་ཚད་སློབ་གསོ་སྤྱི་ཚོགས་ཀྱི་འཚོ་བའི་ཕྱོགས་ཚང་མར་ཁྱབ་པ་བྱས་ཏེ་རྒྱལ་དམངས་ཀྱི་བྱང་ཚད་སློབ་གསོའི་མ་ལག་གཏོད་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། སློབ་གསོའི་མ་ལག་དང་ཀུན་སྤྱོད་ཀྱི་ཚད་གཞིའི་ནུས་པ་ཆེ་རུ་བཏང་ནས་ཤེས་དཔལ་ཁྲིམས་སྲོལ་དེ་སྤྱི་ཚོགས་ཤེས་དཔལ་གྱི་ཁྲིད་སྟོན་དུ་འགྱུར་བ་བྱེད་དགོས། ཀུན་སྤྱོད་ཀྱིས་ཁྲིད་སྟོན་བྱེད་པ་དང་ཆབས་ཅིག་ཁྲིམས་ལྟར་མི་བཅོས་སྐྱོང་ཧུར་ཐག་བྱས་ནས་སྤྱི་དམངས་ཀྱིས་སེམས་གཏིང་ནས་ཡ་རབས་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ་དེ་ཀུན་སྤྱོད་ཀྱི་ཚད་གཞི་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་བཏོན་པ་རེད།
        ཨུ་ཡོན་ལིའུ་ཁྲང་མིང་གིས་ལོ་མང་རིང་རང་རྒྱལ་གྱི་རྨང་གཞིའི་སློབ་གསོས་གཞོན་ནུ་ལོ་ཆུང་མང་པོ་ཞིག་དཔེ་དེབ་དང་སློབ་ཁང་མ་འབྲལ་བ་བྱས་པ་དང་སློབ་མའི་སློབ་སྦྱོང་གི་ཁུར་པོ་ལྗིད་པོ་ཡོད། དེར་བརྟེན་ལག་ལེན་དངོས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་སློབ་གསོའི་འདུ་ཤེས་གསར་བརྗེས་བྱས་ནས་སློབ་གྲྭར་ལག་ལེན་དངོས་ཀྱི་སློབ་གསོ་སྤེལ་རྒྱུར་བཅའ་ཁྲིམས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས། ཁེར་རྐྱང་གི་སྟོན་གྲངས་ལ་བརྟེན་ནས་སློབ་གྲྭའི་སློབ་གསོའི་སྤུས་ཚད་ལ་གདེང་འཇོག་བྱེད་སྟངས་འགྱུར་ལྡོག་བཏང་ནས་ཡུལ་བབ་དང་བསྟུན་ནས་ལག་ལེན་དངོས་ཀྱི་སློབ་གསོའི་བྱེད་སྒོ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཤད་པ་རེད།
          ཨུ་ཡོན་ཀྲའོ་ཞའོ་ཡུང་གིས་རང་རྒྱལ་གྱི་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་ལས་འགན་ལྕི་ལ་ལམ་ཐག་རིང་པོ་ཡོད་པས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་བར་མི་རྩ་བར་འཛིན་རྒྱུར་སྣང་ཆེན་བྱེད་དགོས། བདེ་སྡོད་དང་ལས་ཞུགས་ལ་བརྟེན་ནས་གྲོང་གསེབ་ཀྱི་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་དུ་གནས་སྤོ་བྱ་རྒྱུའི་ཁྲིད་སྟོན་བྱེད་པ་དང་ཚན་རིག་དང་དོན་དངོས་དང་མཐུན་པའི་སྒོ་ནས་འཕེལ་རིམ་དང་གོམ་སྟབས་སྟངས་འཛིན་བྱས་ཏེ་ལས་ཞུགས་དང་བདེ་སྡོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་བཤད་པ་རེད།
         ཨུ་ཡོན་ཕུང་ཀྲའོ་ཡིས་ཞིང་བཟོ་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་སྤེལ་ཞིང་། ཁོང་གིས་རང་རྒྱལ་གྱི་མཁོ་ཆོད་སྨན་པ་ཧ་ཅང་དཀོན་པའི་གནད་དོན་མངོན་གསལ་དོད་པོ་ཡོད། དེར་བརྟེན་སློབ་གླིང་གི་གསོ་རིག་སློབ་གསོ་སྒྱུར་བཅོས་དང་སློབ་གྲྭ་ཐོན་རྗེས་ཀྱི་སློབ་གསོ་དང་མུ་མཐུད་སློབ་གསོའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱས་ཏེ་ཕྱོགས་མང་མཐུན་སྦྱོར་དང་ཐབས་མང་མཉམ་སྤྱོད་ཀྱིས་མཁོ་ཆོད་སྨན་པ་གསོ་སྐྱོང་ལ་ཁྱོན་ཡོངས་ནས་འགན་ལེན་བྱེད་དགོས་ཞེས་བཤད་པ་རེད།
          ཨུ་ཡོན་ལུང་མོ་ཡིས་བྱིས་པ་དབང་སྐྱོན་ལ་སྔར་ལས་ལྷག་པའི་དོ་ཁུར་བྱེད་དགོས་པ་དང་དེང་སྐབས་བྱིས་པ་དབང་སྐྱོན་མི་ཉུང་བ་ཞིག་ལ་ཐོབ་དགོས་ངེས་ཀྱི་རོགས་སྐྱོབ་ཐོབ་མེད། བྱེད་ཐབས་སྣ་མང་སྤྱད་དེ་གནད་སྨིན་རོགས་སྐྱོབ་བྱེད་པ་དང་། བདེ་ཐང་སླར་གསོའི་སྨན་བཅོས་རོགས་སྐྱོར་འགན་ལེན་ལམ་ལུགས་མགྱོགས་མྱུར་བསྐྲུན་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ད་ཡོད་ཀྱི་འགན་ལེན་རོགས་སྐྱོབ་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། བདེ་ཐང་སླར་གསོ་ཞབས་ཞུའི་མཁོ་སྤྲོད་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། བདེ་ཐང་སླར་གསོའི་སློབ་གསོ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། དཀའ་ངལ་ཡོད་པའི་བྱིས་པ་དབང་སྐྱོན་དེ་བས་མང་བ་བདེ་སྐྱིད་ངང་འཚར་ལོངས་ཐུབ་པ་བྱེད་དགོས་ཞེས་གྲོས་འགོ་བཏོན་པ་རེད།
        ཨུ་ཡོན་ཡོན་ཧུའེ་ཆིན་གྱིས་དེང་སྐབས་ཁྲང་ཞི་ཟློས་གར་མཁས་ཅན་གྱི་ཕུལ་བྱུང་བརྩམས་ཆོས་ཁྱབ་གདལ་ཧུར་ཐག་གཏོང་བ་དང་། ཁྲང་ཞིའི་སྒྱུ་རྩལ་གྱི“རྒྱལ་ཁབ་ཀྱི་འཁྲབ་གཞུང་རྩེ་གྲ་ཉར་ཚགས”ལམ་ལུགས་དང་ཕུལ་བྱུང་ཁྲང་ཞིའི་རྒྱུན་འཛིན་མ་ལག་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ། ཁྲང་ཞི་ཁང་དང་ཚོགས་པ་དང་ཁྲང་ཞིའི་སློབ་གླིང་དང་དེ་བཞིན་གཙོ་གནད་སློབ་ཆེན་དབར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཁྲང་ཞིའི་མངོན་མིན་རིག་གནས་ཤུལ་བཞག་དར་སྤེལ་གཏོང་བ། དུས་རབས་ཀྱི་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་བཅས་བྱས་ནས་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་མི་རིགས་བསྐྱར་དར་ཡོང་བ་བྱ་ཆེད་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་དགོས་ཞེས་གྲོས་འགོ་བཏོན་པ་རེད།
         ཨུ་ཡོན་ཀྲོའུ་ཤིན་ཧྲེང་གིས་མི་དང་མིའི་དབར་གྱི་འབྲེལ་བ་ཡང་དག་འཛུགས་རྒྱུ་དར་སྤེལ་ཧུར་ཐག་གཏོང་བ་དང་། སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་སླར་གསོ་ཐུབ་རྒྱུའི་འབོད་སྐུལ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོའི་སློབ་གསོ་ཐེབས་པ་དང་འབྲེལ་ཁྲིམས་སྐྱོང་འཛུགས་སྐྱོང་གི་བརྒྱུད་རིམ་ནང་མཉམ་འདྲེས་ཐུབ་པ་བྱས་ཏེ་ཀྲུང་ཧྭ་ས་གཞི་གཤིན་པོར་དྲོ་སྐྱིད་དཔྱིད་རླུང་ལྡང་ཐུབ་པ་བྱེད་དགོས་ཞེས་གྲོས་འགོ་བཏོན་པ་རེད།
         ཨུ་ཡོན་ཡའོ་མིང་གིས་ལུས་རྩལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ནང་དོན་ནི་ལུས་རྩལ་གྱི་གསེར་གྱི་རྟགས་མ་བརྩོན་ལེན་བྱེད་པ་ཞིག་ཡིན། དེའི་ནང་མང་ཚོགས་ལུས་རྩལ་དང་། ལུས་རྩལ་ཐོན་ལས། ལུས་རྩལ་རིག་གནས་བཅས་ཚུད་ཡོད། ཁྲོམ་ར་སྐྱེད་སྲིང་དང་། འགྲན་བསྡུར་གྱི་འབྲེལ་ཐག་ཆགས་པ། ལས་རིགས་ཀྱི་རིམ་མཚུངས་མཉམ་འགྲན་འཐུས་སྒོ་ཚང་དུ་གཏོང་བ། ལུས་རྩལ་ཐང་ཆེན་གྱི་འཇུར་མིག་ལས་ཚད་བརྒལ་ཡོང་བ་བྱེད་པ་སོགས་ཀྱི་ཐབས་ལ་བརྟེན་ནས་ལུས་རྩལ་ཐོན་ལས་འཕེལ་རྒྱས་གཏོང་བ་དང་ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ཆེ་ཞིག་བསྐྲུན་དགོས་ཞེས་གྲོས་འགོ་བཏོན་པ་རེད།