འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་ཡོན་ཁྲེན་ཁའེ་ཤན་གྱིས"སྲོག་ཆགས་ལས་ཐོན་པའི་སྨན་རྒྱུའི་ཚབ་བྱེད"ཚན་རིག་དང་
    མཐུན་པར་འཚོལ་ཐུབ་ཅེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་12ཉིན། 15:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “དེང་རབས་ཚན་རྩལ་ལ་བརྟེན་ནས་སྲོག་ཆགས་ལས་ཐོན་པའི་ཀྲུང་ལུགས་སྨན་རྒྱུའི་ཐོན་ཁུངས་ཀྱི་གནད་དོན་ཐག་གཅོད་བྱེད་ཐུབ། དེ་ལྟར་བྱས་ན་བདག་མེད་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་ཐུབ་པ་མ་ཟད། ད་དུང་སྲོལ་རྒྱུན་གྱི་ཀྲུང་ལུགས་གསོ་རིག་དང་སྨན་རྫས་ལ་ཤུགས་རྐྱེན་ཆེན་པོ་མ་ཐེབས་པར་ཕྱོགས་མང་པོར་ཕན་པ་ཐོབ་སྲིད”ཅེས་སྲིད་གྲོས་ཚན་རྩལ་རིགས་ཁོངས་ཚོགས་ཆུང་གི་གྲོས་བསྡུར་ནང་ཞུགས་མཁན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཧྲང་ཧའེ་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཁྲེང་ཁའེ་ཤན་གྱིས་ཚེས་7ཉིན་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་གསུངས་པ་རེད།
           ཁོང་གིས། མིག་སྔར་རྩ་ཆེའི་སྲོག་ཆགས་ལས་ཐོན་པའི་ཀྲུང་ལུགས་སྨན་རྒྱུའི་མི་བཟོས་ཚབ་བྱེད་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། མི་བཟོས་གླ་རྩི་དང་མི་བཟོས་གི་ཝང་ཞིབ་འཇུག་ལའང་གྲུབ་འབྲས་ཡག་པོ་ཐོབ་ཡོད་པས། རྒྱལ་ཁབ་ཀྱི་ཁྲིམས་སྲོལ་ཆོག་མཆན་ཐོབ་ནས་མི་བཟོས་ཚབ་བྱེད་ལ་དངོས་སུ་འགྱུར་ཡོད་ཅེས་གསུངས་པ་རེད།
          ཡིན་ནའང་ཁོང་གིས། ད་དུང་རྩ་ཆེའི་སྲོག་ཆགས་ཁག་གཅིག་ལས་ཐོན་པའི་ཀྲུང་ལུགས་སྨན་རྒྱུའི་སྨན་སྤྱོད་རིན་ཐང་མིག་སྔར་ཚབ་བྱེད་ཐབས་བྲལ་བས་བདག་མེད་སྲོག་ཆགས་ལས་ཐོན་པའི་སྨན་རྒྱུས་མི་བཟོས་ཚབ་བྱེད་འཚོལ་ཞིབ་ཧུར་ཐག་བྱེད་དགོས། མིའི་བདེ་ཐང་གི་ཁེ་དབང་ལ་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་སྲོག་ཆགས་ལ་ཡང་སྲུང་སྐྱོབ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།