འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ལས་པུའི་པུའུ་ཀྲང་གིས་གསུངས་དོན་འབྲི་ཆུ་རྒྱུག་ཁུལ་གྱི་ཆུ་སྐྱེས་སྐྱེ་དངོས་སྲུང་སྐྱོང་ཁུལ་
    དུ་སྔོན་ལ་ཕྱོགས་ཡོངས་ནས་བཀག་སྡོམ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་12ཉིན། 15:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཞིང་ལས་པུའི་པུའུ་ཀྲང་ཧན་ཁྲང་པིང་གིས། ཉེ་ཆར་་འདི་ལོ་ནས་བཟུང་འབྲི་ཆུ་རྒྱུག་ཁུལ་གྱི་ཆུ་སྐྱེས་སྐྱེ་དངོས་སྲུང་སྐྱོང་ཁུལ་དུ་སྔོན་ལ་ཕྱོགས་ཡོངས་ནས་བཀག་སྡོམ་བྱ་རྒྱུ་དང་དེ་རྗེས་འབྲི་རྒྱུའི་ཆུ་གཞུང་དང་ཆུ་ཕྲན་གཙོ་བོར་ཕྱོགས་ཡོངས་ནས་བཀག་སྡོམ་བྱ་རྒྱུ་རེད། དེ་དང་ཕྱོགས་མཚུངས་ཐུང་ཅང་མཚེའུ་དང་ཆུ་ཁོངས་གལ་ཆེན་གཞན་ལ་ཉ་སོགས་བཟུང་རྒྱུ་ཚོད་འཛིན་བྱེད་པའི་ལམ་ལུགས་ལག་ལེན་བསྟར་རྒྱུ་རེད་ཅེས་བརྗོད་པ་རེད།
         གོང་ཚེས་ཉིན་འཚོགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་གསར་འགོད་པའི་ཚོགས་འདུའི་ཐོག་ཧན་ཀྲང་པིང་གིས་མིག་སྔར་ཉ་ལས་ཀྱི་གནད་དོན་གཙོ་བོ་ནི་སྤྱི་འབོར་གྱི་གནད་དོན་མིན་པར་སྣོད་བཅུད་ཀྱི་གནད་དོན་དང་ཆུ་ཐོན་དངོས་རྫས་ཀྱི་སྤུས་ཚད་གནད་དོན་རེད། འབྲི་ཆུའི་ཆུ་ཁུངས་ཀྱི་སྣོད་བཅུད་དང་ཉ་རིགས་ཀྱི་སྣོད་བཅུད་གནད་དོན་མང་བས་ཉ་སོགས་བཟུང་དྲགས་པ་དང་། འགྲིལ་འགྲུལ་སྐྱེལ་འདྲེན་དང་དེ་བཞིན་བཟོ་ལས་ཀྱི་སྦགས་བཙོག་སོགས་ཀྱིས་ཆུ་སྐྱེས་སྐྱེ་དངོས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་ཅེས་བརྗོད་པ་རེད།
         འདི་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་བཀོད་སྒྲིག་ལ་གཞིགས་ན། ཞིང་ལས་པུའུ་ཡིས་འབྲི་ཆུའི་རྒྱུད་ཀྱི་ས་ཁུལ་ཁག་གིས་འབྲི་ཆུ་རྒྱུག་ཁུལ་གྱི་ཆུ་སྐྱེས་སྐྱེ་དངོས་སྲུང་སྐྱོང་ཁུལ་དུ་ཉ་འཛིན་གང་མགྱོགས་མཚམས་འཇོག་དང་ཕྱོགས་ཡོངས་ནས་བཀག་སྡོམ་བྱ་རྒྱུ་དང་འབྲེལ་འབྲི་ཆུ་སྲུང་སྐྱོང་གང་ལེགས་དང་ཆུ་ཁོངས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུར་སྐུལ་མ་གཏོང་རྒྱུའི་བླང་བྱ་བཏོན་ཡོད། ཧན་ཁྲང་པིང་གིས་སླད་ཕྱིན་ཞིང་ལས་པུའུ་ཡིས་ཉ་འཛིན་མཚམས་འཇོག་དང་གཏན་འགོག་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཉ་པར་ཐོན་ལས་བསྒྱུར་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་ཞེས་ངོ་སྤྲོད་གནང་བ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།